དུས་རབས་ཀྱི་དཔེ་བཟང་བ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་མཛད་རྗེས་སྙན་ཞུའི་ཚོཌ་འདུ་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་།  ཉིན་ཤས་གོང་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར།  དུས་རབས་ཀྱི་དཔེ་བཟང་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་མཛད་རྗེས་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། 
སྙན་ཞུའི་ཚོགས་འདུའི་ཐོག དུས་རབས་ཀྱི་དཔེ་བཟང་བ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་མཛད་རྗེས་ལ་སློབ་སྦྱོང་གཏིང་ཟབ་བྱེད་རྒྱུ་དེ་ལས་འགན་གཙོ་བོར་འཛིན་ནས།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཕུགས་བསམ་དད་སེམས་འཆང་བ་དང་བླ་ན་མེད་པའི་གནས་ཚད་རྒྱུན་འཁྱོངས་བྱེད་པ།  ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་སྲུང་བ།  འགན་འཁུར་ཕོད་པ་བཅས་བྱས་ཏེ་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་བཏང་བ་དང་སློབ་གསོ་བརྒྱབ་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་དེའི་སྙན་ཞུའི་ཚོགས་འདུའི་ནང་ཞུགས་མཁན་མི་བརྒྱད་རྒྱ་ལྷག་ཙམ་ཡོད་པ་དང་སྙན་ཞུའི་ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་ཤང་༼ གྲོང་རྡལ ༽རིམ་པ་བར་འཚོགས་ཡོད།  ལྷོ་ཁ་དང་ཆབ་མདོ་སོགས་གྲོང་ཁྱེར༼ ས་ཁུལ ༽དྲུག་ཏུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]