བོད་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་དུ་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཚད་བརྒྱ་ཆ༨༩ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པས་པེ་ཅིང་དུ་འཚོགས་པའི་བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་སྐབས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  བོད་ལྗོངས་ལ་དེང་སྐབས་གཞུང་འཛུགས་བོད་ལུགས་གསོ་རིག་སྨན་བཅོས་ཚན་པ ༤༣ དང་དམངས་གཉེར་སྨན་རྩིས་ཁང་ ༡༣ བཙུགས་ཡོད་པ་དང་།  ཤང་༼ གྲོང་རྡལ ༽ཁག་གི་འཕྲོད་བསྟེན་ཁང་དུ་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཚད་བརྒྱ་ཆ ༨༩ ཟིན་གྱི་ཡོད། 
རང་ལྗོངས་ཀྱིས་སྔ་རྗེས་སུ་བོད་ལུགས་གསོ་རིག་དང་བོད་སྨན་གོང་འཕེལ་ཚོགས་ཆེན་ཐེངས་གསུམ་འཚོགས་ནས།  སྲིད་ཇུས་བྱ་ཐབས་དང་ཆེད་དོན་འཆར་འགོད་རབ་དང་རིམ་པ་བཏོན་པ་མ་ཟད།  མ་དངུལ་འབོར་ཆེན་བཏང་ནས་སྨན་བཅོས་ཆ་རྐྱེན་ལེགས་སུ་བཏང་བ་དང་།  བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་ལོ་ལྟར་ཆེད་དངུལ་བཀོད་སྒྲིག་བྱེད་ཀྱི་ཡོད།  སྤྱི་ལོ ༢༠༡༨ ལོའི་ལོ་མཇུག་བར་བོད་ལྗོངས་སུ་བོད་ལུགས་གསོ་རིག་བརྒྱུད་ནད་པ་མི་ཐེངས་ཁྲི་ཚོ ༣༢༩ སྨན་བཅོས་བྱས་པ།  ལྗོངས་ཡོངས་སུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྒྲིག་ཁོངས་ནང་གི་ལག་རྩལ་པ ༣༧༦༣ ཟིན་པ་དང་།  ནད་པའི་ཉལ་ཁྲི ༢༤༡༢ ཟིན་པ།  རྒྱལ་ཁབ་ནད་ཐོག་གཙོ་གནད་ཆེད་ཚན ༥ དང་རྒྱལ་ཁབ་གཙོ་གནད་ཆེད་ཚན ༢༡ དང་།  རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཆེད་ཚན ༡༡ བཅས་ཡོད།  དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་བོད་སྨན་སྨན་རྒྱུའི་ལྟ་ཞིབ་ཚད་ལེན་ལྟེ་གནས་གཅིག་དང་ལྟ་ཞིབ་ཚད་ལེན་བྱེད་གནས་གཉིས།  བོད་སྨན་སྨན་རྒྱུ་འདེབས་འཛུགས་དཔེ་སྟོན་རྟེན་གཞི་བཅས་བཙུགས་ནས་འགག་རྩའི་རང་བཞིན་གྱི་ལག་རྩལ་དཀའ་གནད་མང་པོ་སྒྲོལ་བ་བྱས་ཏེ།  མི་ཐབས་འདེབས་འཛུགས་ལག་རྩལ་སོགས་ཐད་འགག་སྒྲོལ་ཡོང་བ་བྱས་པ་རེད། 
གཞན་ཡང་།  སྤྱི་ལོ ༢༠༡༨ ལོར་ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་གཞི་འགོག་བཅོས་ཀྱི་ཤེས་བྱ་དང་ལག་ལེན་དང་འབྲེལ་བའི་བོད་ལུགས་གསོ་རིག་གི་ལུམས་བཅོས་བྱ་ཐབས་དེ།  མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ནས་འགྲོ་བ་མིའི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་གི་ཚབ་མཚོན་མིང་གཞུང་ནང་བཅུག་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]