ལྷ་སར་ཞོ་སྟོན་གོང་གི་གྲ་སྒྲིག་ལས་དོན་ཞིབ་ཚགས་སྤེལ་བཞིན་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ནས་བརྟག་ཞིབ་ཚོགས་ཆུང་གི་རུ་སྣེ་ཁྲིད་དེ་ནོར་བུ་གླིང་ཁར།  ཞོ་སྟོན་གྱི་གྲ་སྒྲིག་གནས་ཚུལ་དང་རིག་དངོས་བདེ་འཇགས་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་ལས་དོན་པར་འཚམ་འདྲི་ཡང་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས་འབྲེལ་ཡོད་ཚན་པ་ཁག་ནས་རང་འགན་གཙང་སྒྲུབ་བྱེད་པ་དང་འབྲེལ་ཡོད་ལས་དོན་ཏན་ཏིག་སྒྲུབ་སྟེ་ཞོ་སྟོན་རིང་བརྟན་ལྷིང་ཞི་མཐུན་ཡོང་བ་བྱེད་དགོས་པ་དང་།  བོད་ཀྱི་རིག་གནས་ཞིབ་འཇུག་དང་འཚོལ་བསྡུ།  བེད་སྤྱོད་སོགས་བྱེད་རྒྱུའི་ཐད་ས་ཆ་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས།  བོད་ཀྱི་རིག་གནས་འདི་ཉིད་རྒྱུན་འཛིན་ཁྲོད་གོང་འཕེལ་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད། 
བརྟག་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་རིག་གནས་ཐིང་དུ་ཚོགས་འདུ་འཚོགས་ཏེ།  རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་མི་སྣ་དང་འབུད་དཀྲོལ་རོལ་ཆའི་རུ་ཁག་གོང་འཕེལ་སོགས་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]