རང་ལྗོངས་སུ་དབུལ་པོ་དབུལ་རྐྱང་སྤྱིར་ན་མེད་པ་བཟོ་བའི་དམིགས་ཚད་ད་ལོའི་ཟླ་བ་གོང་མ་བདུན་ནང་སྔ་སྣུར་དུ་ལེགས་སྒྲུབ་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་སྤྱི་ཟླ་དང་པོ་ནས་བདུན་པ་བར་རང་ལྗོངས་ཀྱིས་དབུལ་གྲོལ་འགག་སྒྲོལ་ཐད་གཅིག་གྱུར་འཆར་འགོད་ལྟར་མ་དངུལ་སྒོར་དུང་ཕྱུར ༡༥༣.༣༡ བཀོད་སྒྲིག་བྱས་པ་དང་།  ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་གཉིས་གསབ་རྒྱུ་མངོན་ཆེར་འཛིན་ནས།  འདི་ལོའི་ནང་དབུལ་ཕོངས་མི་འབོར་ཁྲི་ཚོ ༡༥ དང་དབུལ་ཕོངས་རྫོང་ ༡༩ ཚང་མ་དབུལ་ཞྭ་ཕུད་པའི་ལས་འགན་ལེགས་སྒྲུབ་ཐུབ་པ་བྱས་པ་དང་།  དབུལ་པོ་དབུལ་རྐྱང་སྤྱིར་ན་མེད་པ་བཟོ་བའི་དམིགས་ཚད་སྔ་སྣུར་དུ་ལེགས་སྒྲུབ་ཐུབ་པ་བྱས་ཡོད།
ད་ལོའི་ཚུན་དུ་རང་ལྗོངས་ཀྱིས་དབུལ་གྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་།  དབུལ་གྲོལ་འགག་སྒྲོལ་ལས་ཀའི་དུས་བབ་དང་ལས་འགན་གྱི་འགྱུར་ལྡོག་ལ་གཞིགས་ཏེ་ནོར་སྲིད་ནས་ཞིང་འབྲེལ་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ཐོག་སྒྲིལ་སྤྱོད་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་དང་།  བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་དབུལ་གྲོལ་འགག་སྒྲོལ་གྱི་སྲིད་ཇུས་འགའ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་སྐྱེ་ཁམས་སྐྱོང་གསབ་ཀྱི་དབུལ་སྒྲོལ་ལག་བསྟར་ཇུས་གཞི་སོགས་ལ་བཟོ་བཅོས་བརྒྱབ་ནས་པར་འགྲེམས་བྱས་པ་དང་ཆབས་ཅིག  དབུལ་སྐྱོར་གྱི་མ་དངུལ་ལ་བབ་བསྟུན་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་དབུལ་སྐྱོར་རྣམ་གྲངས་ཀྱི་ལས་རྗེས་གདེང་འཇོག་ལས་དོན་སྤེལ་ཐོག  ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་བཀོད་སྒྲིག་བྱས་པའི་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་ལས་རྗེས་གདེང་འཇོག་ཁྱབ་ཁོངས་ནང་བཅུག་པ་མ་ཟད།  ཚན་པ་དང་གྲོང་ཁྱེར༼ ས་ཁུལ ༽ ཁག་གིས་སྤྱི་ལོ ༢༠༡༨ ལོའི་རྣམ་གྲངས་མ་དངུལ་གྱི་ལས་རྗེས་གདེང་འཇོག་ལས་དོན་ལེགས་སྒྲུབ་བྱེད་རྒྱུར་མཛུབ་ཁྲིད་བྱས་ཏེ།  དབུལ་གྲོལ་འགག་སྒྲོལ་གྱི་རྣམ་གྲངས་གང་མགྱོགས་ལག་བསྟར་དང་གང་མགྱོགས་ཕན་པ་ཐོན་པ་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]