རིག་གནས་དང་ཡུལ་སྐོར་པུས་བོད་སྐྱོར་ལས་དོན་ཧུར་ཐག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རིག་གནས་དང་ཡུལ་སྐོར་པུའི་དཔྱིད་ཆར་ལས་གཞི་ཞེས་པའི་བོད་སྐྱོར་ཡན་ལག་རུ་ཁག་གིས།  བོད་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་གསབ་འཁྲིད་དང་ལས་སྒོའི་སྦྱོང་བརྡར་སོགས་ཀྱི་རྣམ་པ་བརྒྱུད།  རང་ལྗོངས་ཀྱི་སྤྱི་པའི་གྲངས་འཛིན་རིག་གནས་ལས་གཞི་འཛུགས་སྐྲུན་ལ་རོགས་འདེགས་བྱས་པ་མ་ཟད།  རང་སྐྱོང་ལྗོངས་རིག་གནས་ཐིང་ལ་སྒྲ་སྒམ ༣༠ དང་གྲངས་འཛིན་ཐོན་ཁུངས་ཞབས་ཞུའི་འཕྲུལ་ཆས ༣ ཞལ་འདེབས་བརྒྱབ་པ་རེད། 
རིག་གནས་དང་ཡུལ་སྐོར་པུའུ་རྒྱལ་ཡོངས་སྤྱི་པའི་རིག་གནས་གོང་འཕེལ་ལྟེ་གནས་སྦྱོང་བརྡར་ཁྱབ་གདལ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཅའོ་ཡན་ཇལ་གྱིས།  སྤྱི་པའི་གྲངས་འཛིན་རིག་གནས་ཞབས་ཞུའི་ལས་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི།  རིག་གནས་དམངས་ཕན་ཞིག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཚོར་རིག་གནས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ནས།  མི་དམངས་མང་ཚོགས་ཚོའི་སྐྱིད
་སྣང་དང་ཐོབ་སྣང་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད།  ད་ཐེངས་ཀྱི་དཔྱིད་ཆར་ལས་གཞི་ཞེས་པའི་བྱེད་སྒོའི་ནང་སྦྱོང་བརྡར་དང་ཞུགས་མོལ་སྤེལ་རེས་སོགས་བརྒྱུད།  བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ལས་སྒོའི་རྐང་འཛིན་པའི་སྤྱི་པའི་གྲངས་འཛིན་རིག་གནས་ཞབས་ཞུའི་ཐད་ཀྱི་ངོས་འཛིན་མཐོ་རུ་དང་སྤྱི་པའི་གྲངས་འཇིན་རིག་གནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་མ་ཟད།  སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་ཆུ་ཚད་ཀྱང་མཐོ་རུ་གཏོང་རྒྱུ་རེད་ཅེས་གསུངས།  
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཐད་གོང་འཕེལ་ཆེན་པོ་བྱུང་ཡོད།  ད་བར་རང་ལྗོངས་སུ་ལྗོངས་དང་གྲོང་ཁྱེར།  རྫོང་།  ཤང་བཅས་རིམ་པ་བཞིའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྤྱིར་ན་བསྐྲུན་ཟིན་ནས།  གྲོང་ཁྱེར༼ ས་ཁུལ ༽ཁག་ལ་དཔེ་མཛོད་ཁང་དང་མང་ཚོགས་སྒྱུ་རྩལ་ཁང་།  རྟེན་རྫས་བཤམས་མཛོད་ཁང་བཅས་བསྐྲུན་ཡོད་ལ།  རྫོང་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ཁང་བསྐྲུན་པ་དང་ཤང་ཚང་མར་ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱང་བསྐྲུན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]