ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་འདུ་ཚོགས་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༨ ཚེས ༣༡ ཉིན།  ལྷ་སའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་འདུ་ཚོགས་ལྷ་སར་འཚོགས་ཤིང་།  འདུ་ཚོགས་ཐོག་ཁྱོན་མ་འཇོག་རྣམ་གྲངས ༤༦ ལ་གན་རྒྱ་བཞག་པ་དང་།  མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར ༡༩༧.༣༢ ཟིན་པ།  གན་འཇོག་རྣམ་གྲངས་ཀྱི་གྲས་སུ་ཡུལ་སྐོར་དང་།  ཚན་རྩལ།  རིག་གནས།  བཟའ་བཅའ་དང་སྨན་རྫས།  ཞིང་ལས་གསར་སྤེལ།  ཐོན་རྫས་ལས་སྣོན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།

ད་རེས་ཀྱི་འོས་སྦྱོར་འདུ་ཚོགས་ཐོག  ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱིས་བོད་ལྗོངས་དམངས་གཉེར་ཚོང་དོན་མ་འཇོག་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཇོ་མོ་གླང་མ་ཚོགས་པ་ཚད་ཡོད་ཀུང་སི།  ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཡན་ལག་ཀུང་སི་སོགས་ཀུང་སི ༦ དང་རྣམ་གྲངས ༦ མཉམ་གཉེར་གན་རྒྱ་བཞག་པར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར ༢༡.༠༩ ཟིན་པ་རེད།  ལྷ་ས་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲའོ་ཡཱ་ནས།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་གཙོ་གནད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གོ་ཆོད་མ་འཇོག་བྱེད་མང་དུ་བཏང་ནས།  སྣེའུ་ཁུལ་གསར་གྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་སྤུས་ཚད་མཐོ་པོའི་ངང་ཕྱོགས་བསྒྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]