པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ཞེས་པ་གཞིས་རྩེ་གྲོང་ཁྱེར་དུ་པར་འགྲེམས་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་ཧྭ་ཡི་བོད་ཡིག་རིག་མཛོད་ཆེ་མོ་ལས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ཞེས་པ་སྤྱི་ཟླ་དགུ་པའི་ཚེས ༤ ཉིན་གཞིས་རྩེ་གྲོང་ཁྱེར་དུ་ཐོག་མར་པར་འགྲེམས་བྱས་ཡོད།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁུར་བས།  པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་པར་འགྲེམས་བྱས་པ་དེ་ནི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་གལ་ཆེའི་གྲུབ་འབྲས་ཤིག་ཡིན་པས།  བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ལམ་བུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུར་ཞིབ་འཇུག་གི་མ་དཔེ་ཞིག་མཁོ་འདོན་ཐུབ་ཡོད།  ལོ་ལྔའི་ནང་གསུང་འབུམ་དེ་མཚོ་སྔོན་དགེ་འོས་སློབ་ཆེན་པཎ་ཆེན་ཞིབ་འཇུག་ཁང་དང་བོད་ལྗོངས་བཀྲས་ལྷུན་དགོན་གྱིས་ལེགས་སྒྲིག་རྩོམ་ཞུས་ཞིབ་ཚགས་བྱས་པ་དང་།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་རིག་མཛོད་ཆེ་མོ་གཞུང་ལས་ཁང་གིས་ཞིབ་བཤེར་རྩིས་ལེན་བྱས་མཐར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པ་ཞིག་ཡིན་ཞེས་གསུངས།
ཤེས་རྟོགས་བྱས་པར་གཞིགས་ན།  ཀྲུང་ཧྭ་ཡི་བོད་ཡིག་རིག་མཛོད་ཆེ་མོ་ཞེས་པ་ནི་སྤྱི་ལོ ༢༠༡༡ ལོར་ཆོག་མཆན་ཐོབ་ནས་རྩོམ་སྒྲིག་བྱེད་འགོ་ཚུགས་ཤིང་།  དེ་ནི
་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་གཙོ་གནད་རིག་གནས་ལས་གཞི་ཞིག་ཡིན་པ་དང་།  ད་ཆ་གཏན་འཁེལ་བྱས་པའི་རྣམ་གྲངས་དེའི་ནང་གསུང་འབུམ་དེབ་གྲངས ༣༦ དང་བམ་པོ ༡༠༠༠ ལྷག་ཙམ་ལྡན་ཡོད།  དེང་སྐབས་ས་སྐྱ་གོང་མ་རྣམ་ལྔ་དང་མར་མི་དྭགས་གསུམ།  རྗེ་ཡབ་སྲས་གསུམ།  པཎ་ཆེན་སྐུ་ཕྲེང་རིམ་བྱོན་བཅས་ཀྱི་གསུང་འབུམ་བམ་པོ ༡༡༩ ལེགས་སྒྲིག་དཔར་སྐྲུན་བྱས་ཟིན་ཡོད།  སླད་ཕྱིན་ད་དུང་ཀློང་ཆེན་པའི་གསུམ་འབུམ་དང་ཇོ་ནང་པ་ཏཱ་ར་ནཱ་ཐའི་གསུང་འབུམ།  འཇུ་མི་ཕམ་གྱི་གསུང་འབུམ།  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ།  འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་འབུམ་སོགས་རིམ་པས་པར་སྐྲུན་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]