ནག་ཆུས་རྩྭ་ཐང་གི་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་།  ནག་ཆུ་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ།  ཡུལ་བབ་དང་བསྟུན་ནས་ཁོར་ཡུག་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ཡོད་པ་དང་།  ཕྱོགས་ཁག་གི་སྟོབས་ཤུགས་དང་ལྷག་པར་དུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་སྐུལ་སློང་བྱས་ཐོག  འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ནང་ཞུགས་ཏེ་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག  གསང་སྤྱོད་གསར་བརྗེ་བཅས་ཀྱི་ལས་དོན་ལ་སྐུལ་སྤེལ་བཏང་ནས།  ཞིང་འབྲོག་ལས་ཐོན་སྐྱེད་གཙང་སྦྲ་ཅན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་གཞི་གཅིག་ཅན།  གྲོང་གསེབ་སྐྱེ་ཁམས་ཅན་བཅས་ཡོང་བ་བྱས་ཏེ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་གྲོང་གསེབ་འཛུགས་སྐྲུན་བྱས་ཡོད།རང་སྐྱོང་ལྗོངས་ཀྱི་ཆ་རྐྱེན་འཛོམས་པའི་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་བྱེད་དགོས་པའི་ལས་ཀའི་བླང་བྱར་གཞིགས་ནས།  ནག་ཆུ་གྲོང་ཁྱེར་གྱིས་དམངས་ཡོངས་རྩྭ་འདེབས་ཤིང་འཛུགས་ནང་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་།  ལྷག་པར་དུ་གཞུང་ལམ་གཡས་གཡོན་དང་ཁང་པའི་རྒྱབ་མདུན།  ལས་ཁུངས་ཀྱི་སྒོ་ར་བཅས་ཀྱི་ནང་ཤིང་འཛུགས་བྱེད་སྒོ་ཧུར་ཐག་སྤེལ་ཏེ།  ལས་ཁུངས་དང་སྡེ་ཁུལ་ཚང་མར་སྐྱེ་ཤིང་ཡོད་པ་བྱས་ཡོད་ཅིང་སྔོན་བཟོས་རྗེས་གསབ་དང་བྱ་དགའི་ཁ་གསབ།  བླུ་ཉོ་བོགས་གཏོང་།  ཞིང་ས་སྔོ་འགྱུར་སོགས་ཀྱི་བྱ་ཐབས་སྣ་ཚོགས་འཚོལ་ཞིབ་ཧུར་ཐག་བྱས་ནས།  སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁག་སྐྱེ་ཁམས་འཛུགས་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་རེད།
ནག་ཆུ་གྲོང་ཁྱེར་གྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལས་གཞི་དང་མི་ཐབས་རྩྭ་འདེབས་ལས་གཞི།  གཞི་རྩའི་རྩྭ་ཐང་དབྱེ་འབྱེད་ལས་དོན།  རྩྭ་ཐང་ཐོག་རེས་སྐོར་ཕྱུགས་འཚོའི་ལམ་ལུགས།  རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་སོགས་མུ་མཐུད་ལག་བསྟར་བྱས་ཏེ།  རྩྭ་ཐང་གི་ནད་འབུ་དང་ཨ་བྲའི་གནོད་འཚེ་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]