ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བའི་སྐོར་གླེང་བའི་དཔྱད་གཏམ་པའི་རྩོམ་ཡིག་སྟེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་ཞེས་པ་ཞིག་སྤེལ་ཡོད།

རྩོམ་ཡིག་ནང་།  ལོ་རྒྱུས་ཀྱི་ཆོས་ཉིད་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་།  ཀྲུང་གོའི་གོང་འཕེལ་གྱི་དུས་མཚམས་གསར་པ་དང་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པ་བྱས་ནས།  དུས་བབ་གསར་པ་དང་ལས་འགན་གསར་པ་ལས་བྱུང་བའི་འགྲན་རྩོད་གསར་པར་ཁ་གཏད་བཅོག་རྒྱུ་ནི་རང་རེའི་ཏང་གིས་གསར་བརྗེ་དང་འཛུགས་སྐྲུན།  བསྒྱུར་བཅོས་བཅས་ཀྱི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་བླངས་པའི་ཉམས་མྱོང་གལ་ཆེན་ཞིག་རེད།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་འཁུར་ཏེ་སྟོབས་ཤུགས་བསྐྱར་སྒྲིག་ངང་སླར་ཡང་མདུན་བསྐྱོད་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་ཞེས་འཁོད་ཡོད།

རྩོམ་ཡིག་ནང་།  དུས་རབས་གསར་པས་རང་རྒྱལ་གོང་འཕེལ་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་བཏོན་པ་དང་ཆབས་ཅིག་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་བླང་བྱ་གསར་པ་བཏོན་ཡོད་པས།  ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་བོད་ཀྱི་དོན་དངོས་ཐོག་རྐང་པ་བཙུགས་ཏེ།  ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས་དུས་རབས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱེད་པ་དང་།  དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་ཐད་ཀར་དམིགས་ནས་དུས་རབས་གསར་པའི་བླང་བྱ་གསར་པ་དང་འཚམས་པ་བྱས་ཐོག  དུས་རབས་རང་བཞིན་མངོན་པ་དང་ཆོས་ཉིད་ཁོང་དུ་ཆུད་པ།  གསར་གཏོད་རང་བཞིན་ཆེ་བ་བཅས་ཀྱི་ཁྲོད་དུ་གོང་འཕེལ་དང་བརྟན་ལྷིང་།  སྐྱེ་ཁམས་བཅས་དོན་ཆེན་གསུམ་ཡག་པོ་སྒྲུབ་སྟེ་གངས་ལྗོངས་ས་མཐོར་མུ་མཐུད་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་རྩོམ་དགོས་པའི་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]