གོང་དཀར་རྫོང་གི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་སྦྱོང་བྱེད་སྒོ་སྐས་རིམ་གསར་པ་ཞིག་ཏུ་སླེབས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གིས་བྱ་ཐབས་གསར་གཏོད་ཐོག་ནས་ཞིང་འབྲོག་མང་ཚོགས་ཚོས་གཙོ་གནད་བྱེད་པ་དང་གྲོང་ཚོ་གྲོང་ལྷན་གྱིས་སྟེགས་བུ་གཙོ་བོ་བྱས་ནས།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱས་ཡོད། 
གོང་དཀར་རྫོང་གིས་རྒྱ་ཆེའི་མང་ཚོགས་ཁྲོད་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད།  སྣང་ཆེན་བཞི་དང་དགའ་ཞེན་བཞི་དང་དབུལ་སྒྲོལ་འགག་སྒྲོལ།  ནག་སེལ་གཤེད་བཅོམ་བཅས་ཀྱི་ནང་དོན་ཁུག་མ་སོགས་ཀྱི་ཐོག་བཀོད་ནས་མང་ཚོགས་ལ་སྤྲད་པ་དང་ཆབས་ཅིག  གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག  ཏང་ཡོན་རྒན་གྲས་སོགས་སྒྲིག་འཛུགས་བྱས་ཐོག་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དང་ཁོར་ཡུག་སྲུང་སྐྱོབ།  ཡུལ་སྲོལ་བཟང་པོ།  ལས་ཞུགས་ལས་གཏོད།  མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་རྒྱང་བསྒྲགས་ཐོག་ནས་སྒྲོག་འགྲེལ་བྱས་པ་རེད། 
གཞན་ཡང་།  གོང་དཀར་རྫོང་གིས་མཉམ་སྡེབས་བྱེད་སྒོ་ཁང་དུ་གཟའ་འཁོར་རེར་དུས་གཏན་འཁེལ་ངང་སྒྲོག་འགྲེལ་བྱེད་པ་མ་ཟད།  སྒྲོག་འགྲེལ་ཁྲོད་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོར་ཉན་པ་དང་མང་ཚོགས་ཀྱི་དོགས་གནད་སེལ་བ།  མང་ཚོགས་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]