ཉེ་བའི་ལོའི་ནང་རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་ཇེ་མང་དུ་འགྲོ་བཞིན་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཤེས་ལྡན་པས་བོད་སྐྱོར་བྱེད་པ་དང་ཆབས་ཅིག་རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མ་ལྗོངས་ཕྱི་རོལ་དུ་ལས་ཞུགས་བྱེད་པའི་སྤེལ་རེས་སྲིད་ཇུས་ཉེ་བའི་ལོའི་ནང་རིམ་བཞིན་དོན་འཁྱོལ་བྱུང་ཡོད་པས།  ད་ཆ་ཐེམས་ཁོངས་བོད་ནས་ཡིན་པའི་སློབ་གྲྭ་ཆེན་མོ་བ་དེ་བས་མང་བས་ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་དུ་ལས་ཞུགས་ཐུབ་ཡོད། 
རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུ་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་དགོས་མཁོ་ཤེས་རྟོགས་གང་ལེགས་བྱས་པའི་རྨང་གཞིའི་ཐོག  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྲིད་ཇུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་སྤེལ་རེས་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བ་རེད།  
ངོ་སྤྲོད་བྱས་པར་གཞིགས་ན།  རང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར།  ཀྲུང་དབྱང་ཁེ་ལས་བཅས་ལ་འབྲེལ་བ་དང་མཐུན་སྦྱོར་ཧུར་ཐག་བྱས་ནས།  རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པ་བྱས་པ་རེད།  མི་བསྡུ་མཁན་ལས་ཁུངས་ནས་གསར་དུ་ལས་ཀར་ཞུགས་པའི་རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མར་ཆེད་ལས་སྦྱོང་བརྡར་སྤྲོད་དགོས་ཀྱི་ཡོད་པ་དང་སྦྱོང་བརྡར་སྤྲོད་ཡུན་ནི་ལོ་གཅིག་ཡིན་ཞིང་།  སྦྱོང་བརྡར་རིང་གླ་ཕོག་དང་སྦྱོང་བརྡར་གྲོན་དངུལ་དེ་རང་སྐྱོང་ལྗོངས་ནོར་སྲིད་ནས་འགན་འཁུར་རྒྱུ་རེད།  དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར ༡༧ ནས་ལོ་ལྟར་བོད་ཀྱི་སློབ་ཆེན་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་ཁྲི ༡ བརྩོན་ལེན་བྱ་རྒྱུ་དང་།  ཀྲུང་དབྱང་ལས་ཁུངས་དང་ཀྲུང་དབྱང་ལས་ཁུངས་ཁོངས་གཏོགས་ཀྱི་སློབ་གྲྭ་དང་སྨན་ཁང་གི་ཚན་རིག་ཞིབ་འཇུག་ཁང་དང་ཟའོ།  ཇུས་འགོད་ཚན་པ།  རིག་གནས་སྒྱུ་རྩལ་ཚོགས་པ་སོགས་བྱ་གཞག་ཚན་པས་ལོ་ལྟར་གྲངས་འབོར་ངེས་ཅན་གྱི་གཞུང་ལས་པའི་ལས་གནས་མཁོ་འདོན་བྱས་ཏེ།  བོད་ཀྱི་སློབ་ཆེན་སློབ་ཐོན་སློབ་མ་བསྡུ་རྒྱུར་སྐུལ་འདེད་གཏོང་གི་ཡོད།  

གཞན་ཡང་།  ལྗོངས་ཕྱི་རོལ་བྱ་གཞག་ལས་ཁུངས་སུ་ལས་ཞུགས་བྱེད་པའི་རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མས་ལས་ཀར་ཞུགས་ནས།  ལོ་ངེས་ཅན་སོང་རྗེས་རང་ཉིད་ཀྱི་འདོད་འདུན་དང་འབྲེལ་ཡོད་ཆེད་ལས་ལས་གནས་ཀྱི་དགོས་མཁོར་གཞིགས་ཏེ།  ཤེས་ལྡན་པ་ནང་འདྲེན་དང་འདེམས་སྒྲུག་སོགས་བྱ་ཐབས་བརྒྱུད་ལྗོངས་ནང་ཁུལ་དུ་ལས་བསྒྱུར་བྱེད་ཆོག་གི་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]