རང་ལྗོངས་ཀྱི་འཐུས་མི་ཚོགས་པ་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས༡༡པ་གཉེར་ཡུལ་དུ་འབྱོར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་ནང་ཞུགས་མཁན་བོད་ལྗོངས་འཐུས་མི་ཚོགས་པ་འགྲན་ཚོགས་གཉེར་ཡུལ་ཧོ་ནན་ཀྲེན་ཀྲའུ་རུ་འབྱོར་བ་དང་།  སྤྱི་ཚེས ༧ ཉིན་གྱི་སྔ་དྲོ་བོད་ལྗོངས་འཐུས་མི་ཚོགས་པས་འགྲན་བསྡུར་གོང་གི་སྐུལ་སློང་ཚོགས་འདུ་ཡང་འཚོགས་ཏེ།  ནུས་ཤུགས་ཡོད་རྒུ་འདོན་པ་དང་སྔོན་ཐོན་བརྩོན་ལེན།  སྒྲིག་ཁྲིམས་སྲུང་བ།  ཡ་རབས་ངང་འགྲན་ཞུགས་བྱེད་པ།  དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ།  གཟུགས་བརྙན་བཟང་པོ་མངོན་པ་བཅས་བྱས་ནས།  བོད་ལྗོངས་འཐུས་མི་ཚོགས་པའི་དཀའ་སྤྱད་འབད་ཐབས་ཀྱི་སྤྱོད་བཟང་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ་ལྕགས་ར་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་།  ཚོགས་འདུ་མ་འཚོགས་གོང་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་ལུས་རྩལ་པ་ཚོར་གཟིགས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]