སྣང་རྫོང་གིས་གསར་བརྗེའི་གློག་བརྙན་འབོར་ཆེན་ཞིག་བསྟན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

འདི་ལོའི་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གློག་བརྙན་དོ་དམ་ས་ཚིགས་ཀྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ།  རང་ངོས་ཀྱི་ལེགས་ཆ་བེད་སྤྱད་དེ་སྐོར་སྐྱོད་ངང་གསར་བརྗེའི་གློག་བརྙན་སྟོན་པའི་བྱེད་སྒོ་ཏན་ཏིག་སྤེལ་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  བྱེད་སྒོ་དེ་ད་ལོའི་སྤྱི་ཟླ ༥ པ་ནས་སྤེལ་འགོ་ཚུགས་ཚུན་ཤང་༼ གྲོང་རྡལ ༽ཁག་དང་གྲོང་ཚོ་ཁག  སློབ་གྲྭ་འབྲིང་ཆུང་ཁག  དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་།  གཞུང་ལམ་བདག་སྐྱོང་ལས་ཡུལ་སོགས་ལ་ཟབ་སྐྱོད་ངང་གསར་བརྗེའི་གློག་བརྙན་འབོར་ཆེན་ཞིག་བསྟན་པ་རེད།  ད་བར་སྔ་ཕྱི་བསྡོམས་གསར་བརྗེའི་གློག་བརྙན་ཐེངས ༤༦༠ ལྷག་ཙམ་བསྟན་པ་དང་ལྟད་མོ་མཁན་མི་ཐེངས ༤༠༠༠ ལྷག་ཙམ་ཟིན་ཡོད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]