ཅི་ལིན་ཞིང་ཆེན་གྱིས་གཞིས་རྩེར་ལས་ཞུགས་བོད་སྐྱོར་གྱི་ལས་དོན་གཏིང་ཟབ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཁག་ཡག་པོ་སྤེལ་ཏེ་ཅི་ལིན་ཞིང་ཆེན་དང་གཞིས་རྩེ་གྲོང་ཁྱེར་དབར་གྱི་ལས་ཞུགས་སྤེལ་རེས་མཉམ་ལས་ལ་སྔར་བས་སྐུལ་འདེད་བཏང་ནས།  ཐེམ་ཁོངས་གཞིས་རྩེ་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་རོགས་བྱ་ཆེད།  ཉིན་ཤས་གོང་ཅི་ལིན་ཞིང་ཆེན་མི་སྤྱི་ཐིང་དང་གཞིས་རྩེ་གྲོང་ཁྱེར་མི་སྤྱི་ཐིང་གིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་རོགས་སྐྱོར་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། 
ད་རེས་མིང་རྟགས་བཀོད་པའི་མཉམ་ལས་གྲོས་མཐུན་ནང་ལོ་ལྟར་ཐེམ་ཁོངས་གཞིས་རྩེ་ནས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མར་དམིགས་འཛུགས་བསྡུ་སྤྱོད་ཀྱི་བྱ་གཞག་སྒྲིག་ཁོངས་སུ་ལས་གནས ༢༠༠ མཁོ་འདོན་བྱེད་རྒྱུ་དང་།  ལོ་ལྟར་ཐེམ་ཁོངས་གཞིས་རྩེ་ནས་ཡིན་པའི་ཞིང་ལས་ལག་རྩལ་དང་རྩིས་པ།  བུ་བཅོལ་ཁང་གི་དགེ་རྒན།  སྨན་པ་དང་ནད་གཡོག་སོགས་ཆེད་ལས་དང་འབྲེལ་བའི་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་ཐོན་སློབ་མ ༣༥༠ ལ་སྦྱོང་བརྡར་སྤྲོད་རོགས་བྱེད་རྒྱུ།  ལོ་ལྟར་སྤྱི་ཟླ ༦ པ་ནས ༨ པའི་བར་ཐེམ་ཁོངས་གཞིས་རྩེ་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མར་ཆེད་དོན་གདན་ཞུའི་བྱེད་སྒོ་སྤེལ་རྒྱུ་དང་ཆབས་ཅིག  ད་ལོའི་སྤྱི་ཟླ ༡༠ པར་སླར་ཡང་གཞིས་རྩེར་སྐྱོད་དེ་བོད་སྐྱོར་གདན་ཞུའི་བྱེད་སྒོ་ཆེ་གྲས་ཤིག་སྤེལ་རྒྱུ་བཅས་ཁག་གསུམ་ཚུད་ཡོད། 
ངོ་སྤྲོད་བྱས་པར་གཞིགས་ན།  ཉེ་བའི་ལོའི་ནང་ཅི་ལིན་ཞིང་ཆེན་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  བོད་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་གཞིས་རྩེ་གྲོང་ཁྱེར་གྱི་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]