མ་འོངས་པའི་ལོ་ལྔའི་ནང་མི་སྤྱི་པུའུ་སོཌ་ཀྱིས་རང་ལྗོངས་ལ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ༦༠༠གསོ་སྐྱོང་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས་ལ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་ཁག་གསུམ་པ་དམིགས་བསལ་གསོ་སྐྱོང་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༩ ནས ༢༠༢༣ ལོའི་བར་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་ཚན་པས།  རང་ལྗོངས་སུ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ ༦༠༠ གསོ་སྐྱོང་བྱེད་རྒྱུ་མ་ཟད་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་ཚོགས་པའི་བྱེད་སྒོ་ཁག་ལྔ་སྤེལ་རྒྱུ་རེད། 
ལག་བསྟར་ཇུས་གཞིར་གཞིགས་ན།  སླད་ཕྱིན་ལོ་ལྔའི་ནང་ལོ་ལྟར་རང་ལྗོངས་ཀྱིས་ཆེད་ལས་ལག་རྩལ་ཤེས་ལྡན་པ ༡༢༠ བདམས་ནས་ནང་སའི་སློབ་ཆེན་དང་ཚན་རིག་ཞིབ་འཇུག་ཁང་།  ཁེ་ལས་དང་བྱ་གཞག་ཚན་པ་བཅས་སུ་བཏང་སྟེ་དུས་ཡུན་ལོ་གཅིག་གི་དམིགས་བསལ་གསོ་སྐྱོང་དང་ལག་ལེན་སློབ་སྦྱོང་བྱེད་རྒྱུ་རེད།  གཙོ་གནད་ཐོག་སློབ་གསོ་དང་འཕྲོད་བསྟེན།  ཚན་རིག་ཞིབ་འཇུག  ལས་གཞི།  རིག་གནས་སྒྱུ་རྩལ་སོགས་རྨང་གཞིའི་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་མ་ཟད།  དམིགས་འཛུགས་རང་བཞིན་གྱི་སྒོ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་དང་ཡུན་རིང་གཞི་རིམ་དུ་ལས་ཀ་བྱེད་མཁན་ཆེད་ལས་ལག་རྩལ་རྐང་འཛིན་པ་གསོ་སྐྱོང་བྱེད་རྒྱུ་རེད། 
སྤྱི་ལོ ༢༠༠༩ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ།  སློབ་གསོ་པུའུ་སོགས་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག  བོད་ལྗོངས་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པཁག་དང་པོ་དམིགས་བསལ་གསོ་སྐྱོང་ལས་དོན་སྤེལ་འགོ་བཙུགས་པ་དང་སྤྱི་ལོ ༢༠༡༤ ལོར་ཁག་གཉིས་པ་ལག་བསྟར་བྱས་ཤིང་།  ལོ་བཅུའི་ནང་ཁྱོན་བོད་ལ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་པ ༡༢༠༠ གསོ་སྐྱོང་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]