ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་ད་ལོའི་ཚོགས་འདུ་ཐེངས་བཅུ་བདུན་པ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་སྤྱི་ལོ ༢༠༡༩ ལོའི་ཚོགས་འདུ་ཐེངས་བཅུ་བདུན་པ་འཚོགས་ནས།  རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་སྤྱི་ལོ ༢༠༡༩ ལོའི་དབུལ་གྲོལ་འགག་སྒྲོལ་ལྟ་ཞིབ་ཚོགས་ཆུང་གི་ལན་སྤྲོད་གནད་དོན་གྱི་གནས་ཚུལ་བརྒྱུད་བསྒྲགས་བྱས་པ་དང་།  སྤྱི་ལོ ༢༠༡༦ ལོའི་ཚུན་གྱི་རིགས་ཁག་གི་དབུལ་གྲོལ་འགག་སྒྲོལ་གྱི་སྐོར་གཟིགས་དང་ལྟ་ཞིབ།  ཞིབ་བཤེར།  རྩིས་བཤེར་སོགས་ཀྱི་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱེད་ཚུལ་བརྡ་ཁྱབ་བཏང་བ་མ་ཟད་ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ནོར་བུ་དོན་གྲུབ་ནས་རིམ་ཁག་ཚན་པ་ཁག་གིས་དབུལ་གྲོལ་འགག་སྒྲོལ་གྱི་ཕྱིར་མིག་བལྟ་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་རང་བཤེར་དང་རང་བརྟག  རང་བཅོས་བཅས་བྱས་ནས་གནད་དོན་དུས་ཐོག་ཏུ་འཚོལ་ཞིབ་ཐུབ་པ་དང་ཆད་སྐྱོན་གསབ་སྟེ་དབུལ་གྲོལ་ངོ་མ་ཐུབ་པ་བྱེད་དགོས་པ་དང་།  དབུལ་གྲོལ་འགག་སྒྲོལ་གྱི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་བཙུགས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་དམ་འཛིན་བྱས་ཐོག  ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ཁག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ།  དབུལ་གྲོལ་འགག་སྒྲོལ་གྱི་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ་དང་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་ལྗོངས་ཡོངས་ཀྱི་གོང་འཕེལ་གསར་པ་དང་འགྱུར་ལྡོག་གསར་པ།  འཚོ་བ་གསར་པ་བཅས་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་མི་དམངས་མང་ཚོགས་ཚོས་ཏང་གི་བཀའ་དྲིན་འཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]