ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་རང་ལྗོངས་སུ་ཁྱད་ལྡན་ཐོན་རྫས་གང་ལེཌ་གཏོད་རྒྱུར་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་རུ་སྣེ་ཁྲིད་གནང་བའི་བརྟག་ཞིབ་ཚོགས་ཆུང་གིས།  རང་སྐྱོང་ལྗོངས་མི་རིགས་ཁྱད་ལྡན་སྤུས་ལེགས་ཐོན་རྫས་འགྲེམ་སྟོན་འགྲེམས་ཚོང་ལྟེ་གནས་སུ་ཕེབས་ནས་འགྲེམས་ཚོང་ལྟེ་གནས་འཛུགས་སྐྲུན་གྱི་གནས་ཚུལ་དང་།  གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་འགྲེམ་སྟོན་ཁང་བཀོད་སྒྲིག་བྱས་ཚུལ་ཐད་ཞིབ་བཤེར་གནང་བ་མ་ཟད།  གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།  བརྟག་ཞིབ་ཚོགས་ཆུང་ནས་རིམ་ཁག་འབྲེལ་ཡོད་ཚན་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ནས་རང་འགན་གཙང་སྒྲུབ་དང་མཉམ་ལས་དམ་ཟབ་བྱས་ཏེ།  དམིགས་ཚད་ལས་འགན་དང་དམ་པོར་བསྡུན་པ་དང་གཙོ་གནད་ལས་དོན་དམ་འཛིན་ནན་པོ་བྱས་ཐོག  འགོ་ཡག་པོ་བརྩམས་ཏེ་རང་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འདེམས་སྒྲུག་ངང་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་།  ཚོང་ཟོག་རྒྱུན་མཐུད་མཁོ་སྤྲོད་ཡག་པོ་ཐུབ་པ་བྱས་ཏེ་མི་རིགས་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་འགྲེམས་སྟོན་འགྲེམ་ཚོང་བྱེད་པའི་ལས་དོན་ཞིབ་ཕྲ་དང་ཏན་ཏིག་སྤེལ་ཏེ།  ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]