བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་བསྐྱོད་འགྲེམས་སྟོན་ཉིང་ཁྲིར་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  གུང་ཁྲན་ཏང་གི་བཀའ་དྲིན་སེམས་ལ་བཅངས་ནས་དུས་རབས་གསར་པར་འབད་འཐབ་ལྷོད་མེད་བྱེད་ཅེས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་བསྐྱོད་འགྲེམས་སྟོན་ཉིང་ཁྲིར་བྱས་པ་དང་།  ཉིང་ཁྲིའི་ལས་བྱེད་ལས་བཟོ་པ་དང་ཞིང་འབྲོག་མང་ཚོགས།  སློབ་གྲྭའི་དགེ་སློབ།  དགོན་སྡེའི་གྲྭ་བཙུན་སོགས་ཀྱི་འཐུས་མིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཡོད་པ་རེད།  འགྲེམས་སྟོན་ཁང་ནང་དུ་འགྲེལ་བཤད་པ་ནས་བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་གནས་ལུགས་བགྲང་བ་མ་ཟད།  བོད་རྙིང་པ་མུན་ནག་དང་རྗེས་ལུས་ཀྱི་གནས་ཚུལ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་རླབས་ཆེའི་འཕོ་འགྱུར་ངོ་སྤྲོད་བྱས་ཡོད།  ལྟ་སྐོར་བ་ཚོས་འགྲེལ་བཤད་པའི་འགྲེལ་བཤད་ཏན་ཏིག་ཉན་ཀྱིན་དུ་ལག་ཐོག་ཁ་པར་གྱིས་པར་ལེན་གྱི་ཡོད་པ་རེད།  བྲག་ཡིབ་ཆུས་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་ཉི་མ་ནས།  གུང་ཁྲན་ཏང་གི་དབུ་ཁྲིད་འོག་བོད་ལྗོངས་ལ་གཞི་ནས་གོང་འཕེལ་དང་ཡར་རྒྱས་ཡོང་ཐུབ་པ་དང་།  བོད་ལྗོངས་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་ཐུབ་པས་ང་ཚོས་དད་སེམས་བརྟན་པོ་དང་ཟོལ་མེད་ངང་དུས་ནམ་ཡང་ཏང་གི་རྗེས་སུ་འབྲང་གི་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]