ལྷ་ས་འགག་སྒོས་དུས་སང་ལོ་འགོར་གོམ་སྟབས་གཉིས་ཀྱི་རེ་ཞུ་ལག་བསྟར་བྱ་རྒྱུ།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  འགག་སྒོ་སྤྱི་ཁྱབ་ཧྲུའི ༢༠༡༩ ལོའི་སྤྱི་བསྒྲགས་ཨང་ ༡༢༧ པའི་ནང་སྤྱི་ལོ ༢༠༡༩ ལོའི་ཟླ ༨ པའི་ཚེས ༢༤ ཉིན་ནས་བཟུང་།  འགག་སྒོ་ཁག་ཅིག་གིས་ནང་འདྲེན་དངོས་ཟོག་ལ་གོམ་སྟབས་གཉིས་ཀྱི་རེ་ཞུའི་བསྒྱུར་བཅོས་ཚོད་ལྟ་བྱ་རྒྱུའི་གཏན་འབེབས་བྱས་ཤིང་།  ལྷ་ས་འགག་སྒོས་སྔོན་དཔག་བྱས་ན་སྤྱི་ལོ ༢༠༢༠ ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་སྔར་ཡོད་ཀྱི་རེ་ཞུ་བྱེད་སྟངས་སོར་འཇོག་བྱེད་པའི་རྨང་གཞིའི་ཐོག  གོམ་སྟབས་གཉིས་ཀྱི་རེ་ཞུ་དངོས་སུ་ལག་བསྟར་བྱ་རྒྱུ་རེད།  དེའི་གོང་ཚོད་ལྟའི་འགག་སྒོའི་ཉམས་མྱོང་དང་བྱེད་ཐབས་ཀྱི་རྨང་གཞིའི་ཐོག་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  དུས་བབ་དང་བསྟུན་ནས་བསྒྱུར་བཅོས་ཀྱི་ནང་དོན་གཙོ་བོ་དང་ལས་སྒྲུབ་ཀྱི་གོ་རིམ་གཙོ་བོ་ཞིབ་ཚགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།  ལེ་ལག་ཚང་བའི་ལམ་ལུགས་དང་འགན་ལེན་ལམ་སྲོལ་བཏོན་ཏེ་ནུས་པ་ཆེ་བ་དང་སྟབས་བདེ་བ།  སྟབས་བསྟུན་སྒོ་དབྱེའི་རེ་ཞུའི་ལམ་ལུགས་ཤིག་ནུས་ཤུགས་ཡོད་རྒུས་བཟོས་ནས་ཁེ་ལས་ལ་སྣ་མང་ཅན་གྱི་འགག་སྒོ་སྒྲོལ་བའི་ཞབས་འདེགས་ཞུ་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]