ནག་ཆུར་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་བསྐྱོད་འགྲེམས་སྟོན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ནག་ཆུར་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་བསྐྱོད་འགྲེམས་སྟོན་བྱས་ནས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་དྲན་གསོ་ཞུས་པ་རེད།  ཐེངས་འདིའི་སྐོར་བསྐྱོད་འགྲེམས་སྟོན་དེ་ནག་ཆུ་གྲོང་ཁྱེར་ལས་རིགས་སློབ་གྲྭའི་དགེ་སློབ་བྱེད་སྒོ་ལྟེ་གནས་སུ་སྤྱི་ཚེས ༢༤ ཉིན་བར་བྱེད་རྒྱུ་ཡིན་ཞིང་།  ནག་ཆུ་གྲོང་ཁྱེར་གྱི་སློབ་གྲྭའི་དགེ་སློབ་དང་ལས་བྱེད་ལས་བཟོ་པ།  ཞིང་འབྲོག་མང་ཚོགས།  དགོན་སྡེའི་གྲྭ་བཙུན་སོགས་ལས་རིགས་ཁག་གི་འཐུས་མི་ཁག་བགོས་ངང་བལྟ་སྐོར་བྱ་རྒྱུ་རེད།

འགྲེམས་ཁང་ནང་འགྲེམས་པང་ ༢༠༠ ཙམ་སྒྲིག་བཤོམས་བྱས་ཡོད་ཅིང་།  བོད་ནི་གནའ་དུས་ནས་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ནས་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང་།  ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་བསྒྱུར་འོག་གི་བོད་རྙིང་པ་དང་།  དམངས་གཙོའི་བཅོས་བསྒྱུར།  སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་བཅས་གོམ་ཞིང་ཆེན་པོ་གསུམ་གྱི་ཐོག་ནས་དུས་རབས་གསར་པར་བསྐྱོད་པ་སོགས་ཀྱི་ནང་དོན་ལྟར་བྱས་ཏེ་འགྲེམས་ཁུལ་དབྱེ་ནས་འགྲེམས་སྟོན་བྱས་ཡོད།  འགྲེལ་བཤད་རྒྱག་མཁན་བཞི་ནས་ངང་རྒྱུད་རིང་པོའི་ངང་གཟིགས་སྐོར་བ་ཚོར་འགྲེམས་པང་ཐོག་གི་ནང་དོན་ཁག་ལ་འགྲེལ་བཤད་ཞིབ་ཕྲ་རྒྱག་བཞིན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]