ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ལྔ་པའི་གནས་ཚུལ་ལན་སྤྲོད་ལས་དོན་ཚང་མ་ལེགས་སྒྲུབ་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ལྔ་པའི་གནས་ཚུལ་ལན་སྤྲོད་ལས་དོན་ཚང་མ་ལེགས་སྒྲུབ་ཟིན་པ་རེད།  ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ད་ལོའི་སྤྱི་ཟླ ༤ པ་ནས ༧ པའི་བར།  ལྗོངས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་ནས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས ༡༩ དང་གཙོ་གནད་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་རྩ་འཛུགས་ལ་གཅིག་བསྡུས་ཐོག་རྒྱུན་སྲོལ་སྐོར་གཟིགས་བྱས་པ་མ་ཟད།  གྲོང་ཁྱེར༼ ས་ཁུལ ༽ནས་དོ་དམ་བྱེད་པའི་མ་དངུལ་གཏོང་འཇོག་དང་མ་རྩ་བསྡུ་རྒྱུགས་རིགས་ཀྱི་གཞུང་ཁོངས་ཁེ་ལས ༡༨ དང་།  དེ་བཞིན་གྲོང་ཁྱེར་དང་རྫོང་གིས་དོ་དམ་བྱེད་པའི་གཙོ་གནད་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཏང་རྩ་འཛུགས ༨ ལ་རིམ་སྤོར་སྐོར་གཟིགས་བྱས་པ་རེད།  སྐོར་གཟིགས་ཚོགས་ཆུང་གིས་སྐོར་གཟིགས་བྱེད་ཡུལ་ཏང་རྩ་འཛུགས་ནས་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཚུལ་ཐད་ལྟ་སྐུལ་ཞིབ་བཤེར་བྱས་ཐོག  ཆབ་སྲིད་ཀྱི་ནོར་འཁྲུལ་ཕྱོགས་ཡོངས་ནས་འཚོལ་ཞིབ་བྱས་ཏེ་ཆབ་སྲིད་ལྟ་སྐུལ་དང་ཁྲིད་ཕྱོགས་ཐད་སྐོར་གཟིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ཅིང་།  ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྐོར་གཟིགས་ཚོགས་ཆུང་ནས་སྐོར་གཟིགས་བྱས་ཚུལ་སྙན་གསེང་ཞུས་པ་ཉན་པ་མ་ཟད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུའི་ཐོག་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས་པ་རེད།  སྤྱི་ཟླ ༩ པའི་ཚེས ༡༦ ནས ༢༤ ཉིན་བར་སྐོར་གཟིགས་ཚོགས་ཆུང་ ༡༤ ཡིས་གཅིག་བསྡུས་ཐོག་སྐོར་གཟིགས་བྱེད་ཡུལ་ཚན་པའི་ཏང་རྩ་འཛུགས ༥༢ ལ་སྐོར་གཟིགས་གནས་ཚུལ་ལན་སྤྲོད་བྱས་པ་མ་ཟད་སྐོར་གཟིགས་བཅོས་སྒྲིག་བྱེད་དགོས་རིགས་ཀྱང་བཏོན་ཡོད།

སྐོར་གཟིགས་ལན་སྤྲོད་ནང་སྐོར་གཟིགས་བྱེད་ཡུལ་ཏང་རྩ་འཛུགས་ཀྱིས་སྐོར་གཟིགས་གྲུབ་འབྲས་ཕྱོགས་བསྡུས་ཐོག་བེད་སྤྱོད་བྱས་ཏེ།  སྐོར་གཟིགས་བཅོས་སྒྲིག་བྱེད་རྒྱུ་དང་རྩ་ལག་མཉམ་བཅོས་གཏིང་ཟབ་བྱེད་རྒྱུ་ཟུང་འབྲེལ་བྱས་ནས།  བསྒྱུར་བཅོས་དང་ལམ་ལུགས་གསར་གཏོད་བརྒྱུད་དབང་ཆ་ཚོད་འཛིན་དང་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ།  རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ།  རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་གཞི་ལམ་སྲོལ་ཧུར་ཐག་འཛུགས་དགོས་པའི་བླང་བྱ་བཏོན་ཡོད།
སྐོར་གཟིགས་ལན་སྤྲོད་ནང་རེས་སྐོར་འདིའི་སྐོར་གཟིགས་ནས་བཟུང་།  སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་ཚན་པས་སྐོར་གཟིགས་བཅོས་སྒྲིག་གི་རྒྱུན་གཏན་ལྟ་སྐུལ་ལས་དོན་གྱི་འགན་འཁུར་ཏེ་སྒྲིག་ཁྲིམས་ལྟ་སྐུལ་དང་ལྟ་ཞིབ་ལྟ་སྐུལ།  སྐོར་གཟིགས་ལྟ་སྐུལ།  རྩ་འཛུགས་ལྟ་སྐུལ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྐོར་གཟིགས་བཅོས་སྒྲིག་བྱེད་ཚུལ་ཐད་ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་གཉེར་སྒྲུབ་བྱས་ནས་སྐོར་གཟིགས་བྱས་འབྲས་ཀྱི་ནུས་པ་ཐོན་པ་བྱེད་དགོས་པ་དང་།  སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཙོ་གནད་ཐོག་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་འགོ་ཁྲིད་ལས་བྱེད་པར་དམིགས་ཏེ་ཁྲལ་སེལ་སླ་བཅོས་ངང་བཅོས་སྒྲིག་བྱེད་པ་དང་།  བཅོས་སྒྲིག་ནུས་ལྡན་མི་བྱེད་པ།  བཅོས་སྒྲིག་བྱེད་འདོད་མེད་པ།  བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པོ་མེད་པ་བཅས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་དཔེ་མཚོན་གནད་དོན་ཡོངས་བསྒྲགས་དམར་འདོན་བྱེད་དགོས་པ།  རྩ་འཛུགས་ཚན་པས་དུས་ཐོག་ཏུ་སྐོར་གཟིགས་ལ་རྗེས་སྙེགས་ཐོག་ནས་འགན་མི་འཁུར་བ་དང་ནུས་པ་མི་ཐོན་པ།  འགན་འཁུར་མི་ཐུབ་པ་བཅས་ཀྱི་ལས་བྱེད་པའི་ལས་གནས་སྤོ་འགྱུར་བྱས་ཏེ།  བཅོས་སྒྲིག་ལས་ཀའི་འགན་འཁུར་བ་རྣམས་ག་བཏང་གོ་ཆོད་ཐུབ་པ་བྱེད་རྒྱུ་དེ་རྒྱུན་རྣམ་ཅན་ཏུ་འགྱུར་བ་བྱེད་དགོས་པ།  སྐོར་གཟིགས་བྱེད་ཡུལ་ཚན་པའི་ཏང་རྩ་འཛུགས་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས།  བསམ་བློའི་ཐད་ནས་མཐོང་ཆེན་བྱས་ཐོག་སྐོར་གཟིགས་བཅོས་སྒྲིག་ལ་ལྟ་སྟངས་ཡང་དག་འཛིན་པ་དང་བཅོས་སྒྲིག་གི་དོན་དངོས་ཕན་འབྲས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དོ་འཁུར་ལ་བརྡ་ལན་ཞུས་ཏེ།  ལས་དོན་ཁག་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ཏང་དང་མི་དམངས་བློ་ཡིད་འཚིམ་པོ་ཡོང་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]