དུས་རབས་གསར་པའི་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་མཉམ་དུ་གཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་དཔྱད་གཏམ་ཁག་དྲུག་པ་དུས་རབས་གསར་པའི་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་མཉམ་དུ་གཏོད་ཅེས་པའི་རྩོམ་ཡིག་དེ་སྤེལ་བ་རེད།

རྩོམ་ཡིག་ནང་།  བོད་ལྗོངས་འདི་ཉིད་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ཁུལ་ཞིག་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག  རང་རྒྱལ་གྱིས་ནུབ་ཕྱོགས་དགྲ་འཛིན་སྟོབས་ཤུགས་དང་རྒྱལ་ཁབ་ཕྱི་ནང་གི་དགྲ་འཛིན་སྟོབས་ཤུགས།  ཁ་ཕྲལ་སྟོབས་ཤུགས་བཅས་དང་འཐབ་རྩོད་བྱེད་པའི་འཐབ་ས་མདུན་མར་གནས་ཡོད་པས་བོད་ལྗོངས་ཀྱི་བརྟན་ལྷིང་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་།  བོད་ལྗོངས་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ སོང་རིང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་ཀར་སྔ་ཕྱི་བར་གསུམ་དུ་མཐོང་ཆེན་གནང་བ་དང་།  བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ལས་ཀའི་སྤྱི་ཡོངས་ནང་བཞག་ཐོག་གཅིག་གྱུར་འཆར་འགོད་བྱས་ནས།  ཕུགས་འཕེལ་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་རྒྱལ་ཁབ་བདེ་འཇགས།  བོད་ལྗོངས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།  ཏང་གི་འགོ་ཁྲིད་ནི་བོད་ལྗོངས་ཡུན་རིང་བདེ་འཁོད་ཀྱི་རྩ་བའི་འགན་ལེན་ཡིན་པ་དང་།  རླབས་ཆེའི་མེས་རྒྱལ་ནི་བོད་ལྗོངས་ཡུན་རིང་བདེ་འཁོད་ཀྱི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་པ་ལག་ལེན་ཀྱི་ཐོག་ནས་ར་སྤྲོད་ཐུབ་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  ཏང་གི་དབུ་ཁྲིད་འོག་བོད་ལྗོངས་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱེད་པའི་རྩེ་རིམ་ཇུས་འགོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་།  བོད་ལྗོངས་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱེད་པའི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ།  བོད་ལྗོངས་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱེད་པའི་དམངས་སེམས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ།  བོད་ལྗོངས་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱེད་པའི་བྱ་ཐབས་སྔར་བས་ཚན་རིག་དང་མཐུན་པ་བཅས་བྱུང་ཡོད།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་བ་དང་བསྟུན་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཟམ་མི་ཆད་པ་ཐེབས་པ་དང་།  མཐའ་མཚམས་རྒྱུན་ཆད་མེད་པར་སྲ་བརྟན་བྱུང་ནས་ཡུན་རིང་བདེ་འཁོད་བྱུང་ཡོད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་སླེབས་པ་དང་བསྟུན་ནས་བོད་ཀྱི་བརྟན་ལྷིང་དང་གོང་འཕེལ་དེ་ཡང་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་གྲས་ལ་སླེབས་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  ཏང་གི་དབུ་ཁྲིད་འོག་བོད་ལྗོངས་ཡུན་རིང་བདེ་འཁོད་སྲ་ཞིང་བརྟན་པ་ཞིག་ཡོད་པས་ཏཱ་ལའི་རུ་ཚོགས་ཀྱིས་ཕུ་དཀྲུག་མདའ་དཀྲུག་བཏང་ཡང་གཡོ་འགུལ་གཏོང་མི་ཐུབ།  ང་ཚོས་ངེས་པར་དུ་ཡང་འབད་བསྐྱར་འབད་ངང་དུས་རབས་གསར་པའི་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་གཏོད་དགོས་པ་དང་།  དུས་རབས་གསར་པའི་འགོ་འཛུགས་ས་གསར་པའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས།  མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་འཁོད་ཡོད་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]