ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་ཕྱག་རྟགས་སུ་འབུལ་བའི་གཏམ་བརྗོད་ཟློས་གར་ལྷ་སར་ཐོག་མའི་འཁྲབ་སྟོན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་སྐྱེ་མི་ཆོག་པའི་མི་ཞེས་པའི་གཏམ་བརྗོད་ཟློས་གར་དེ།  སྤྱི་ཚེས ༢༤ ཉིན་གྱི་དགོང་མོ།  ལྷ་ས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཐོག་མའི་འཁྲབ་སྟོན་བྱས་པ་རེད།  གཏམ་བརྗོད་ཟློས་གར་དེའི་ནང་བོད་ལ་དམངས་གཙོའི་བཅོས་བསྒྱུར་མ་བཏང་གོང་གི་ཞིང་བྲན་བཀྲ་ཤིས་དང་ཁོ་པའི་དགའ་རོགས་དབྱངས་ཅན་གྱི་ཡ་ང་བའི་གནས་ཚུལ་ཏེ།  བོད་རྙིང་པར་བྲན་གཡོག་གཉིས་པོས་བརྙས་བཅོས་ཚད་མེད་མྱངས་བ་དང་དབྱངས་ཅན་གྱི་མངལ་ལ་འཁོར་བའི་ཕྲུ་གུ་དེ་སྐྱེ་མི་ཆོག་པའི་མི་ལ་གྱུར་ཞིང་།  བཀྲ་ཤིས་ཀྱིས་དཀའ་སྡུག་ཚད་མེད་མྱངས་མྱོང་ཡོད་པ་མ་ཟད་དབྱངས་ཅན་མ་སྨད་གཉིས་ཀ་དཀའ་སྡུག་ཁོ་ནའི་ཁྲོད་ཤི་བ་དངོས་སུ་མཐོང་བ་དང་།  དམངས་གཙོའི་བཅོས་བསྒྱུར་བཏང་རྗེས་ཁོང་ལ་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་སོགས་ཀྱི་སྐོར་གླེང་ཡོད།

ལྷ་ས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མ་བློ་བཟང་དབང་མོ་ནས།  ཟློས་གར་དེ་བལྟས་རྗེས་ངས་བོད་ཀྱི་ལོ་རྒྱུས་སྔར་བས་ཤེས་རྟོགས་བྱུང་ལ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མ་ཡིན་པ་ཤེས་བྱུང་།  སླད་ཕྱིན་ངས་ཚན་རིག་རིག་གནས་སློབ་སྦྱོང་ཧུར་ཐག་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱས་པར་གཞིགས་ན།  གཏམ་བརྗོད་ཟློས་གར་དེ་ནི་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཕུལ་བྱུང་གི་འཁྲབ་རྒྱུན་གྱི་གྲས་ཤིག་རེད།  ཟློས་གར་དེ་དུས་རབས་གོང་མའི་ལོ་རབས ༦༠ ལ་ཐོག་མར་འཁྲབ་སྟོན་བྱས་པ་མ་ཟད།  གངས་རིའི་མིག་ཆུ་ཞེས་པའི་གློག་བརྙན་ལ་སྒྲིག་བཟོ་བྱས་པ་ཞིག་ཡིན་པས་རྒྱལ་ཡོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།  ཐེངས་འདིར་གཏམ་བརྗོད་ཟློས་གར་དེ་བསྐྱར་སྒྲིག་བྱས་པའི་དམིགས་ཡུལ་ནི།  བོད་རྙིང་པའི་སྡུག་རྩུབ་མུན་ནག་གི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་དང་མི་དམངས་རྣམས་དུད་འགྲོ་ལས་ཀྱང་སྐྱོ་བའི་འཚོ་བ་སྐྱེལ་དགོས་དོན་ཐེར་འདོན་བྱེད་ཆེད་དང་།  གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པའི་བདེན་དོན་གསལ་སྟོན་བྱེད་ཆེད་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]