ལྗོངས་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་གཞི་གསུམ་བརྡ་ཁྱབ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་ཡོ་སྲང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་ཆེད་དང་། ཐོག་མཐའ་བར་གསུམ་དུ་ཉེན་བརྡ་གཏོང་བའི་ཁོར་ཡུག་སྔར་བས་གཏོད་ཤུགས་ཆེ་རུ་གཏོང་ཆེད།  རང་སྐྱོང་ལྗོངས་སྒྲིག་ཨུད་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་གཞི་གསུམ་བརྡ་ཁྱབ་བཏང་བ་སྟེ།  གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྲག་པ་ཤང་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཧྲེན་ལིང་ཡུན་ནས་སྒྲིག་འགལ་ངང་དབུལ་སྐྱོར་མ་དངུལ་གཡར་བའི་གནད་དོན་དང་།  ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་གི་འབྲེལ་ཡོད་འགན་འཁུར་བས་འགན་འཁྲི་ཡག་པོ་མ་སྒྲུབ་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབྱེ་འབྱེད་གནད་འཕིགས་བྱེད་མ་ཐུབ་པ་དང་།  གྲོང་ཚོ་ཁག་ཅིག་གིས་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་རོགས་དངུལ་ཆ་སྙོམས་བགོ་འགྲེམ་བྱས་པའི་གནད་དོན།  ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་གྱི་ཁོ་ཡོན་ཁྲེང་ཁྲའོ་ནས་གོ་གནས་བེད་སྤྱད་དེ་ཁྲིམས་འགལ་ངང་མང་ཚོགས་ཀྱི་རྒན་གསོའི་འགན་བཅོལ་མ་དངུལ་བདག་བཟུང་བྱས་པའི་གནད་དོན་བཅས་རེད།

བརྡ་ཁྱབ་ནང་རིམ་ཁག་ཏང་རྩ་འཛུགས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་སྐོར་གཟིགས་ལན་སྤྲོད་གནད་དོན་བཅོས་སྒྲིག་བྱེད་རྒྱུ་དེ་གལ་ཆེའི་ལས་འགན་ཞིག་ལ་རྩིས་ནས།  རང་འགུལ་ངང་གནད་དོན་བཅོས་སྒྲིག་དང་ཕན་འབྲས་བརྟན་གཏོང་གཉིས་གཞི་གཅིག་གི་ཐོག་ནས་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས་པ་དང་།  ཏང་ཨུད་ཀྱི་ཧྲུའུ་ཅིས་དབུལ་གྲོལ་འགག་སྒྲོལ་དང་སྐོར་གཟིགས་བཅོས་སྒྲིག་གི་ཆབ་སྲིད་ལས་འགན་འཁུར་ཏེ།  ཕྱོགས་ཡོངས་ནས་དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེ་གཏོང་དགོས་པ།  རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྒྱུན་ལྡན་གྱི་ལྟ་སྐུལ་དང་སྐོར་གཟིགས་བཅོས་སྒྲིག་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་སྟེ།  དུས་ཐོག་ཏུ་གནད་དོན་གྱི་ཁུངས་སྣེ་འཚོལ་ཐུབ་པ་དང་གང་མགྱོགས་ཐག་གཅོད་ནན་པོ་བྱས་ནས་ཟིལ་ཤུགས་ནུས་ལྡན་ཞིག་ཆགས་པ་བྱེད་དགོས་པ།  འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས་པའི་བླང་བྱ་དེ་དབུལ་སྐྱོར་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཡོངས་ལ་དོན་འཁྱོལ་ཐུབ་པ་བྱས་ཏེ།  དབུལ་གྲོལ་འགག་སྒྲོལ་དམག་འཐབ་ལ་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་སྲུང་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]