ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་འབྲི་ཆུ་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་འབྲི་ཆུ་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིས་ཐུན་མོང་ཐོག་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། 
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་།  ཀྲུང་གོ་འབྲི་ཆུ་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའུ་ཡི་ཧྲུའུ་ཅི། རྡུང་ཧྲེ་ཀྲང་ལེ་མིང་ཧྲན་རྣམ་གཉིས་ཀྱིས་གསུང་བཤད་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་ཀྲུང་གོ་འབྲི་ཆུ་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའུ་ཡི་ཁོངས་མི། སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཧྥན་ཞ་ཞ་རྣམ་གཉིས་ཀྱིས་ཁག་སོ་སོར་ཕྱོགས་ཁག་གི་ཚབ་ཞུས་ནས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་ཚོགས་འདུར་ཕེབས་ཡོད། 
ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནུས་རྒྱུ་གཙང་མའི་ལས་དོན་ལ་མཐོང་ཆེན་བྱེད་པ་དང་།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ནུས་རྒྱུའི་བདེ་འཇགས་ཐད་འཐབ་ཇུས་གསར་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྐྱེ་ཁམས་ཀྱི་དམར་ཐིག་བརྟན་པོ་སྲུང་སྟེ།  ནུས་ཤུགས་ཡོད་རྒུས་ནུས་རྒྱུ་གཙང་མ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསུངས་པ་དང་སྦྲགས།  ཀྲུང་གོ་འབྲི་ཆུ་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་དང་ལག་རྩལ།  ཤེས་ལྡན་པ་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རང་ལྗོངས་ཀྱི་ཆུ་རྒྱུན་འབབ་ཡུལ་གྱི་ཕྱོགས་བསྡུས་འཆར་འགོད་སྒྲིག་བཟོའི་ནང་ཧུར་ཐག་ཞུགས་ནས།  རང་ལྗོངས་ཀྱི་སྤྱི་ཚོགས་ཡར་རྒྱས་དང་དམངས་འཚོ་ལེགས་བཅོས།  ནུས་རྒྱུའི་བྱ་གཞག་གོང་འཕེལ་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ་ཕན་ཚུན་གཉིས་ཀར་ཕན་པ་ཐོབ་ཐུབ་པ་བྱེད་རྒྱུའི་ཐུགས་རེ་གནང་བ་རེད། 
ལེ་མིང་ཧྲན་གྱིས་གྲོས་མཐུན་ནང་ཁ་གསལ་བཏོན་པའི་ནང་དོན་གཞིར་བཟུང་།  ད་ཡོད་ཀྱི་མཉམ་ལས་རྨང་གཞི་བཟང་པོའི་ཐོག་ཕྱོགས་གཉིས་པོའི་སྤེལ་རེས་དང་ཕྱོགས་ཡོངས་འབྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས།  བོད་ཀྱི་བསྐྱར་སྤྱོད་ཐུབ་པའི་ནུས་རྒྱུ་གསར་སྤེལ་ནང་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]