ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་རྒྱུན་མཐུད་གཏོད་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མི་དམངས་ཉིན་རེའི་ཚགས་པར་ཐོག  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བའི་དཔྱད་གཏམ་པའི་རྩོམ་ཡིག་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་རྒྱུན་མཐུད་གཏོད་དགོས་ཞེས་པ་སྤེལ་ཡོད།

རྩོམ་ཡིག་ནང་།  རླབས་ཆེའི་གྲུབ་འབྲས་མཐའ་དག་ནི་རྒྱུན་མཐུད་འབད་འཐབ་བྱས་པའི་འབྲས་བུ་ཞིག་དང་རླབས་ཆེའི་བྱ་གཞག་མཐའ་དག་ནི་སྔ་འཛིན་ཕྱི་གཏོད་ཁྲོད་སྐུལ་སྤེལ་གཏོང་དགོས་པ་ཞིག་ཡིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་མདུན་སྐྱོད་ལམ་བུའི་ཐོག་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་།  མི་དམངས་ཀྱི་བྱེད་པོའི་གནས་བབ་རྒྱུན་འཁྱོངས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བཅས་བྱས་ཏེ་ཏང་གི་གཞི་རྩའི་རིགས་གཞུང་དང་གཞི་རྩའི་ལམ་ཕྱོགས།  གཞི་རྩའི་ཇུས་ཆེན་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་རེ་སྨོན་རྒྱུན་མཐུད་སྐོང་རྒྱུ་དང་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་གསར་པ་རྒྱུན་མཐུད་གཏོད་དགོས་ཞེས་བཏོན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་ཡོངས་དང་དམག་ཡོངས།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་རང་རེའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་མུ་མཐུད་སྲ་བརྟན་གོང་འཕེལ་ཡག་པོ་བཏང་ནས།  ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་མུ་མཐུད་འབད་བརྩོན་བྱེད་རྒྱུར་སྐུལ་ལྕག་གཏོང་བཞིན་ཡོད།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ སོང་ཚུན་ཐོབ་པའི་རླབས་ཆེའི་གྲུབ་འབྲས་ཀྱིས་ང་ཚོས་སླར་ཡང་འོད་སྟོང་འབར་བའི་གྲུབ་འབྲས་གཏོད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།  ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་གསར་པ་རྒྱུན་མཐུད་གཏོད་རྒྱུ་དང་།  རང་རེའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་གྲུབ་འབྲས་གཏོད་རྒྱུ་ནི་ལོ་རྒྱུས་ལ་གུས་བཏུད་ཟབ་ཤོས་ཞུ་བ་ཞིག་དང་མ་འོངས་པར་སྟངས་འཛིན་ཡག་ཤོས་བྱེད་པ་ཞིག་རེད་ཅེས་འཁོད་ཡོད།
རྩོམ་ཡིག་ནང་།  མི་རབས་རེར་མི་རབས་དེའི་རྒྱང་སྐྱོད་རེ་རེ་ཡོད་པས་ང་ཚོས་བྱ་གཞག་གི་རི་ཆུ་ཁྲི་སྟོང་མང་པོ་བརྒལ་ཟིན་ཡོད་མོད།  འོན་ཏེ་ད་དུང་ཡང་རི་ཆུ་མང་པོ་བརྒལ་དགོས་ཀྱི་ཡོད།  ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་ལྡན་ཞིང་ཀྲུང་གོ་གསར་པའི་ལོ་ངོ་ ༧༠ ཡི་རླབས་ཆེའི་ངོ་མཚར་བཏོད་མྱོང་བའི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་གསར་པ་གཏོད་ཐུབ་ངེས་རེད་ལ་མཛེས་སྡུག་ལྡན་པའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་ཀྱང་རྩོམ་ཐུབ་ངེས་རེད་ཅེས་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་འགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]