རང་སྐྱོང་ལྗོངས་ཀྱིས་སྤྱི་ལོ༢༠༡༨ནས༢༠༢༥ལོའི་བར་གྱི་གཞོན་ནུའི་འཕེལ་རྒྱས་འཆར་འགོད་ཞེས་པ་པར་འགྲེམས་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས་ཡུན་རིང་འཛུགས་སྐྲུན་དང་དར་རྒྱས་གཏོང་མཁན་གཞོན་ནུ་སྟོབས་གསར་དམག་དང་འཕྲལ་རྒོལ་དཔུང་ཁག་གསོ་སྐྱོང་བྱ་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཉིན་ཤས་གོང་།  སྤྱི་ལོ ༢༠༡༨ ནས ༢༠༢༥ ལོའི་བར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུའི་འཕེལ་རྒྱས་འཆར་འགོད་ཞེས་པ་པར་འགྲེམས་བྱས་པ་དང་།  དེ་ནི་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་ ༦༠ འཁོར་བ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དབུ་བརྙེས་ནས་ལོ་ངོ་ ༥༤ འཁོར་བའི་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མིང་ཐོག་ནས་གཤམ་སྤེལ་བྱས་པའི་བོད་ཀྱི་གཞོན་ནུའི་གོང་འཕེལ་འཆར་འགོད་ཐོག་མ་དེ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  འཆར་འགོད་དེས་གཞོན་ནུའི་བསམ་བློ་ཀུན་སྤྱོད་དང་སློབ་གསོ།  བདེ་ཐང་།  གཉེན་སྒྲིག  ལས་ཞུགས་ལས་གཏོད།  རིག་གནས།  ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་།  ཁྲིམས་འགལ་གྱི་ཉེས་གསོག་སྔོན་འགོག  སྤྱི་ཚོགས་འགན་སྲུང་སོགས་ཕྱོགས་མི་འདྲ་བ་བཅུའི་ཐད་ནས་ཞིབ་ཕྲའི་གོང་འཕེལ་བྱ་ཐབས ༣༩ གཏན་འཁེལ་བྱས་པ་དང་།  གཙོ་གནད་ཐོག་བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་གཞོན་ནུ་གདོང་ལེན་པ་བརྩོན་ལེན་བྱེད་པའི་ལས་གཞི་དང་གཞོན་ནུ་མར་ཁེ་སི་རིང་ལུགས་པ་གསོ་སྐྱོང་བྱེད་པའི་ལས་གཞི།  གཞོན་ནུའི་ལས་ཞུགས་ལས་གཏོད་སྐུལ་སྤེལ་བྱེད་པའི་ལས་གཞི།  གཞོན་ནུའི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པའི་ལས་གཞི་སོགས་གཙོ་གནད་ལས་གཞི ༡༢ བཏོན་པ་དང་།  བོད་ཀྱི་གཞོན་ནུའི་གོང་འཕེལ་སྲིད་ཇུས་མ་ལག་དང་ལས་ཀའི་ལམ་སྲོལ་བཙུགས་པ་མ་ཟད་བོད་ཀྱི་གཞོན་ནུའི་གོང་འཕེལ་བྱ་གཞག་གི་སྤྱིའི་ཁ་ཕྱོགས་ཀྱང་སྟོན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]