རྟེན་འབྲེལ་ཚོཌ་ཆེན་ཐོག་གནང་བའི་ཞི་ཅིན་ཕིང་གི་གསུང་བཤད་ལ་བོད་སྡོད་དཔུང་སྡེའི་དཔོན་དམག་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྤྱི་ཟླ་བཅུ་པའི་ཚེས ༡ ཉིན་གྱི་སྔ་དྲོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད།  བོད་སྡོད་དཔུང་སྡེའི་དཔོན་དམག་དང་རང་ལྗོངས་ཀྱི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ནས་རླུང་འཕྲིན་བརྙན་འཕྲིན་དང་།  གློག་ཀླད།  ཁ་པར་སོགས་བརྒྱུད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་གནས་ཚུལ་གཟབ་རྒྱས་ནན་ཏན་ངང་ལྟ་ཉན་བྱས་ཏེ།  བརྗེད་པར་དཀའ་བའི་རླབས་ཆེན་གྱི་དུས་སྐབས་དེར་མཉམ་དུ་བདེན་དཔང་དང་།  མེས་རྒྱལ་དར་རྒྱས་གོང་འཕེལ་གྱི་སྟོབས་ཤུགས་ཆེན་པོ་མཉམ་དུ་ཤེས་ཚོར་བྱས་ཡོད།

དེ་ཉིན་སྔ་དྲོ་བོད་སྡོད་དཔུང་སྡེའི་ལས་ཁུངས་ནས་མཐའ་མཚམས་སོ་ལྟ་ཁང་བར་དང་།  དམག་སྒར་ནས་ཕྱི་རོལ་གྱི་བཅའ་སྡོད་སྦྱོང་བརྡར་བྱ་ཡུལ་བར་སོགས་གང་སར་དཔུང་སྡེའི་དཔོན་དམག་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོར་གཟབ་རྒྱས་ལྟ་ཉན་བྱས་པས་དཔོན་དམག་ཚོའི་སྤྲོ་སེམས་རབ་ཏུ་འཁོལ་ཞིང་སེམས་འགུལ་ཡང་ཚད་མེད་ཐེབས་ཡོད།

ཚང་མས་མ་གྲོས་གཅིག་མཐུན་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་།  གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ།  ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ།  ཟོལ་མེད་འགན་འཁུར་དང་འབད་འབུངས་ཡར་བརྩོན།  ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ།  མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་འགན་ལེན་དང་རྒྱུན་མཐུད་ངང་ཆེ་རུ་གཏོང་ཐུབ་པ་བྱས་ནས།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་རྒྱུ་ཡིན་ཞེས་བཤད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]