ལོ་ངོ་༧༠ཙམ་རིང་ཆབ་མདོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་ལོ་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བའི་ལོ་ཞིག་རེད།  ལོ་ངོ་ ༧༠ ཙམ་རིང་ཏང་དང་སྲིད་གཞུང་གི་ཞུམ་མེད་འགོ་ཁྲིད་འོག་ཆབ་མདོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་ཅིང་།  ཟས་གོས་འགྲོ་འདུག་དང་ཡང་ན་སྨན་བཅོས་སློབ་གསོ།  རིག་གནས་འཚོ་བ།  སྤྱི་ཚོགས་ཞབས་ཞུ་བཅས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་དམངས་འཚོའི་བྱ་གཞག་ཁག་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད།  སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཡང་མངོན་འགྱུར་ཐུབ་ནས།  མི་རིགས་ཁག་གི་མང་ཚོགས་ཚོའི་སྐྱིད་སྣང་དང་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་སྟབས།  ཚང་མས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད།   
དུས་རབས་གསར་པར་སླེབས་རྗེས་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་ཞབས་ཞུའི་ལས་ཀ་ཤུགས་ཆེ་རུ་གཏོང་རྒྱུ་དེ་གོང་འཕེལ་གྱི་གཞི་རྩའི་དམིགས་ཚད་ལ་རྩིས་ནས།  མང་ཚོགས་ཀྱི་ཆེས་དོ་ཁུར་དང་ཆེས་ཐད་ཀར།  ཆེས་དོན་དངོས་བཅས་ཀྱི་ཁེ་ཕན་གནད་དོན་དམ་འཛིན་ནན་པོ་བྱས་ཏེ།  སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་དབུལ་གྲོལ་གནད་འཕིགས་དམིགས་ཚད་བཏོན་པ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུའི་འབོད་སྐུལ་བཏང་ནས་།  རྒྱལ་ཡོངས་མི་དམངས་སྣེ་ཁྲིད་དེ་དཔལ་འབྱོར་དེ་བས་གོང་འཕེལ་དང་དམངས་གཙོ་དེ་བས་འཐུས་ཚང་།  ཚན་རིག་སློབ་གསོ་དེ་བས་ཡར་རྒྱས།  རིག་གནས་དེ་བས་གྲ་རྒྱས།  མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་ཀྱི་མ་འོངས་པ་གཏོད་རྒྱུ་རེད།  སྐྱེ་སྟོབས་ཀྱི་དཔལ་འབར་བའི་ད་ལྟའི་དུས་འདིར་ང་ཚོས་ཏང་གི་བཀའ་དྲིན་ཤེས་ཚོར་ཐུབ་པ་བྱེད་དགོས་ལ་དེ་བས་ཡིད་ཆེས་བརྟན་པོས་ཏང་གི་རྗེས་སུ་འབྲངས་དགོས་ཤིང་།  ཏང་དར་འོག་མཐུན་སྒྲིལ་དམ་ཟབ་དང་འབད་འབུངས་ཡར་བརྩོན་ངང་།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་གྱི་བོད་ལྗོངས་ལེའུ་ཡག་པོ་རྩོམ་རྒྱུར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]