རང་སྐྱོང་ལྗོངས་ཀྱིས་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་ཚེས༡༦ཉིན་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ པའི་ཚེས ༡༧ ཉིན་ནི་རྒྱལ་ཡོངས་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་ཡིན་པ་དང་།  སྤྱི་ལོ ༢༠༡༦ ལོའི་ཚུན་དུ་རང་ལྗོངས་ཀྱིས་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་ཏེ།  རང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ལ་ཐོབ་པའི་གྲུབ་འབྲས་བཟང་པོ་མངོན་པ་དང་།  དབུལ་སྐྱོར་ཐོན་ལས་གྲུབ་འབྲས་དང་ཁྲོམ་རའི་དབར་སྦྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་གཏོང་ཆེད།  སྤྱི་ཟླ ༡༠ པའི་ཚེས ༡༦ ནས ༢༢ ཉིན་བར་རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའུ་གཞུང་ལས་ཁང་གིས།  རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་ཐོག  ལྷ་ས་གྲོང་ཁྱེར་གནས་མཆོག་ལྷ་ཡུལ་གླིང་རྒྱུད་གསོལ་མགྲོན་ཁང་ཐང་ཆེན་དུ།  བོད་རང་སྐྱོང་ལྗོངས་ཐོན་ལས་དབུལ་སྐྱོར་གནད་འཕིགས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་རྒྱུ་རེད།   
གྲུབ་འབྲས་འགྲེམས་སྟོན་དེ་གྲོང་ཁྱེར༼ ས་ཁུལ ༽བདུན་གྱིས་སྤྱི་ལོ ༢༠༡༦ ལོའི་ཚུན་དུ་རོགས་སྐྱོར་དང་སྐྱེད་སྲིང་བྱས་པའི་ཁེ་ལས་དང་མཉམ་ལས་ཁང་།  ཁྱིམ་ཚང་ཞིང་འབྲོག་ར།  འཇོན་ཐང་ཅན་གྱི་དུད་ཆེན།  ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ཚོགས་པ་སོགས་དབུལ་སྐྱོར་ཐོན་ལས་གཉེར་སྐྱོང་བྱེད་པོར་ཞུགས་རྒྱུར་སྒྲིག་འཛུགས་བྱེད་རྒྱུ་དང་།  ད་དུང་ནས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་དང་འབྲི་གཡག་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་ཁ་སྣོན་བྱེད་རྒྱུ་རེད།  བྱེད་སྒོའི་ཐོག་ཝང་དབྱིས་དྲ་བརྒྱས་ས་གནས་ས་ཐོག་གི་གནས་ཚུལ་ཐད་གཏོང་དང་།  པར་རིས་ཡིག་བརྙན་འགྲེམས་སྟོན།  ཐོན་རྫས་འགྲེམས་སྟོན།   གསར་འགྱུར་བརྡ་ཁྱབ་ཚོགས་འདུ།  ས་གནས་ས་ཐོག་ཏུ་འཛད་སྤྱོད་སོགས་བྱ་ཐབས་གཙོ་བོ་བརྒྱུད་དེ།  འཛད་སྤྱོད་པས་ཐོན་ལས་དབུལ་སྐྱོར་གྱི་ཕན་འབྲས་ཤེས་རྟོགས་ཐུབ་པ་བྱེད་རྒྱུ་དང་ཆབས་ཅིག་འཛད་སྤྱོད་དབུལ་སྐྱོར་ནང་ཧུར་ཐག་ཞུགས་ཐུབ་པ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]