རང་ལྗོངས་ཀྱིས་བོད་གློག་ཕྱིར་གཏོང་གི་ལོ་འཁོར་དམིགས་ཚད་ལས་འགན་སྔ་སྣུར་དུ་ལེགས་སྒྲུབ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ཀྱིས་ཟླ་བ་གསུམ་སྔ་སྣུར་དུ་ལོ་འཁོར་མོའི་བོད་གློག་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་ཝ་སྟོང་ཚན་དུང་ཕྱུར ༡༤ ཟིན་རྒྱུའི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་རེད།  སྤྱི་ལོ ༢༠༡༥ ལོར་གློག་ཤུགས་ཕྱིར་གཏོང་ཐོག་མར་བྱས་ཚུན།  བོད་ལྗོངས་གློག་དྲས་བོད་གློག་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་ཝ་སྟོང་ཚན་དུང་ཕྱུར ༤༤ .༤༥ ཟིན་པ་དེ་ལོ་སྔ་མ་དང་བསྡུར་ན།  ད་ལོ་ནི་བོད་གློག་ཕྱིར་གཏོང་བྱེད་ཚད་ཁྱབ་རྒྱ་ཆེ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ལོ་ཞིག་རེད།   
ཉེ་བའི་ལོའི་རིང་རྒྱལ་ཁབ་གློག་དྲ་ཀུང་སིས་ལས་ཀའི་སྙན་ཞུ་དང་སྤེལ་རེས་མཐུན་སྦྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་།  རྒྱལ་ཡོངས་ཀྱི་གློག་ཤུགས་གཅིག་གྱུར་ཁྲོམ་ར་འཛུགས་སྐྲུན་ལ་བརྟེན་ནས་བོད་གློག་ཕྱིར་གཏོང་དང་འབྲེལ་བའི་སྲིད་ཇུས་དང་རྒྱབ་སྐྱོར་བྱེད་ཤུགས་བརྩོན་ལེན་ཧུར་ཐག་བྱས་པས།  ལྗོངས་ཕྱི་ནང་གི་གློག་ཤུགས་ཁྲོམ་རའི་རྣམ་པ་དང་གློག་ཚད་ཡོངས་ཀྱི་འཁོར་རྒྱ།  མ་ལག་ཡོངས་ཀྱི་གྲུབ་ཆ་བཅས་ལ་བསམ་གཞིགས་གང་ལེགས་བྱས་ནས།  བོད་ལྗོངས་གློག་དྲའི་འཁོར་རྒྱུག་བྱ་ཐབས་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཐོག  མཚོ་བོད་ཐད་རྒྱུག་སོགས་ཀྱི་གློག་གཏོང་སྐུད་ལམ་སྤྱོད་ཚད་མཐོ་རུ་གཏོང་བ་དང་།  ཚན་རིག་དང་མཐུན་པའི་སྒོ་ནས་གློག་ཤུགས་ཉོ་ཚོང་བྱ་ཐབས་གཅིག་གྱུར་འཆར་འགོད་ངང་ཉོ་ཚོང་རྩ་འཛུགས་རྒྱུན་མཐུད་ཕུན་སུམ་ཚོགས་སུ་བཏང་སྟེ།  གློག་ཤུགས་བོད་སྐྱོར་དང་ཁྲོམ་ར་ཟུང་འབྲེལ་སོགས་བྱ་ཐབས་སྣ་ཚོགས་བཟུང་ནས།  རང་སྐྱོང་ལྗོངས་ཀྱི་དྭངས་གཙང་ནུས་རྒྱུ་གསར་སྤེལ་བེད་སྤྱོད་ལ་ཞབས་འདེགས་ཞུས་ཡོད།  ད་ལོའི་སྤྱི་ཟླ་དང་པོ་ནས་དགུ་པའི་བར་རིམ་རྩིས་ལྟར་ན།  ལྗོངས་ཡོངས་སུ་གློག་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་ཝ་སྟོང་ཚན་དུང་ཕྱུར ༡༤.༡ ཟིན་པ་དེ་ན་ནིང་ལོ་འཁོར་མོའི་གློག་ཕྱིར་གཏོང་བྱེད་ཚད་ཀྱི་ལྡབ ༡.༦༣ ཡིས་མང་བ་ཡོད་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]