རང་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཡིན་པའི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ལས་གཞི་མཇུག་བསྡུའི་དུས་མཚམས་སུ་སླེབས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༠༩ ལོར་ཀྲུང་ཧྭ་དཔེ་རྙིང་སྲུང་སྐྱོབ་འཆར་གཞི་ཞེས་པའི་སྐུལ་སྤེལ་འོག  རང་ལྗོངས་ཀྱིས་དུས་ཡུན་ལོ་བཅུ་ལྷག་ཙམ་དང་ད་བར་གཞི་ཁྱོན་ཆེ་ཤོས་ཡིན་པའི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་གཞི་སྤེལ་འགོ་བཙུགས་པ་དེ་ཉིན་ཤས་གོང་མཇུག་བསྡུའི་དུས་མཚམས་སུ་སླེབས་པ་དང་།  ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ད་བར་ལྗོངས་ཡོངས་ཀྱིས་དཔེ་རྙིང་དང་ཚད་ལྡན་ཡིག་ཚགས ༡༨༠༠༠ ལྷག་ཙམ་ཡོངས་ཁྱབ་ཞིབ་བཤེར་བྱས་ནས་ཐོ་འགོད་བྱས་པ་དང་།  དཔེ་རྙིང་ ༢༩༡ རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་གི་མིང་གཞུང་ནང་ལེགས་གྲུབ་ལྡན་པའི་ངང་ཚུད་ཡོད་ཅིང་།  གངས་ལྗོངས་གནའ་དཔེའི་གཏེར་མཛོད་ཞེས་པ་སོགས་བོད་ཡིག་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོབ་གྲུབ་འབྲས་ཀྱི་དེབ་ཕྲེང་བཅུ་ལྷག་ཙམ་རྩོམ་སྒྲིག་པར་སྐྲུན་བྱས་ཡོད།  འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན།  ད་བར་རང་རྒྱལ་གྱིས་ཉར་ཚགས་ཐུབ་པའི་བོད་ཡིག་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་ཁྱོན་ཆིག་འབུམ་ལྷག་ཡོད་པའི་ནང་གི་བཅུ་ཆ་ལྔ་ཡན་བོད་ཀྱི་ཕོ་བྲང་པོ་ཏ་ལ་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་།  རང་སྐྱོང་ལྗོངས་ཡིག་ཚགས་ཁང་སོགས་གཙོ་གནད་ཉར་ཚགས་ལས་ཁུངས་དང་།  དེ་བཞིན་རྫོང་༼ཆུས༽ ༧༤ ཡི་དགོན་སྡེ ༡༣༠༠ ལྷག་ཙམ་ནང་ཉར་ཚགས་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ལོ་བཅུའི་རིང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི ༡༠༠༠ ལས་བརྒལ་བ་བཏང་སྟེ་བོད་ཀྱི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད།  ད་བར།  རང་ལྗོངས་ཀྱིས་སྔ་རྗེས་སུ་སྟོང་ཉེར་ཡོད་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ ༣༠༠༠ ལྷག་ཙམ་ཉམས་གསོ་བྱས་པ་དང་།  གཞི་རིམ་གྱི་དཔེ་རྙིང་ཉར་ཚགས་ལས་ཁུངས ༡༤ ཡི་ཆ་རྐྱེན་ལེགས་བཅོས་རྣམ་གྲངས་ལེགས་སྒྲུབ་བྱས་པ་མ་ཟད་དཔེ་རྙིང་སྲུང་སྐྱོབ་ས་ཚིགས་གཉིས་གསར་དུ་ཡང་སྐྲུན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]