རང་ལྗོངས་སུ་ཁྲིམས་འགལ་ངང་སྤྲོ་ཁང་འཛུགས་སྐྲུན་བྱེད་པའི་གནད་དོན་གཙང་བཤེར་བཅོས་སྒྲིག་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་རང་ལྗོངས་སུ་ཁྲིམས་འགལ་ངང་སྤྲོ་ཁང་འཛུགས་སྐྲུན་བྱེད་པའི་གནད་དོན་གཙང་བཤེར་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ།  གྲ་སྒྲིག་ལས་དོན་ཁག་སྤེལ་ཚུལ་ཕྱོགས་བསྡོམས་བྱས་པ་དང་དུས་མཚམས་རྗེས་མའི་ལས་དོན་ལ་སླར་ཡང་བཀོད་སྒྲིག་དང་སྐུལ་འདེད་བཏང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  
ཅང་ཇེ་ཡིས་གྲོང་ཁྱེར༼ ས་ཁུལ ༽ཁག་དང་ཚན་པ་ཁག་ནས་ཁྲིམས་འགལ་ངང་སྤྲོ་ཁང་འཛུགས་སྐྲུན་བྱེད་པའི་གནད་དོན་བཅོས་སྒྲིག་ལས་དོན་དེ་གལ་ཆེའི་ཆབ་སྲིད་ལས་དོན་ཞིག་ལ་རྩིས་ནས་དམ་འཛིན་བྱས་ཏེ་གཙང་བཤེར་བཅོས་སྒྲིག་ལས་དོན་སྤེལ་དགོས་པ་དང་།  བྱ་ཐབས་ནུས་ལྡན་བཟུང་སྟེ་ཞིབ་བཤེར་ཐུབ་རུང་བཅོས་སྒྲིག་གནད་ལ་མ་འཁེལ་བ་སོགས་ཀྱི་གནད་དོན་དུས་བཀག་ལྟར་བཅོས་སྒྲིག་ཐུབ་པ་བྱེད་དགོས་པ།  ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་སླར་ཡང་ལེབ་བཤེར་བྱས་ཏེ་གོང་ཞུ་མི་བྱེད་པ་དང་གོང་ཞུ་མ་བྱས་པར་ལུས་པའི་རིགས་སྔོན་འགོག་བྱེད་དགོས་པ།  དུས་ཐོག་ཏུ་འབྲེལ་ཡོད་ལས་དོན་སྤེལ་ཚུལ་བསྡོམས་རྩིས་བརྒྱབ་ནས་གོང་ཞུ་བྱས་ཏེ།  ལས་ཀར་སྣང་མེད་ཤོར་ནས་གཞན་འགུལ་དུ་མི་འགྱུར་བ་བྱེད་དགོས་པ།  སྒྲིག་འགལ་འཛུགས་སྐྲུན་ལ་བླང་བྱ་ལྟར་བཅོས་སྒྲིག་མ་བྱས་པ་དང་སྟབས་བསྟུན་གྱི་བསམ་པའི་ཐོག་ནས་གོང་ཞུ་མི་བྱེད་པ།  གོང་ཞུ་མ་བྱས་པར་ལུས་པ།  ཁྲིམས་འགལ་ཡིན་པ་ཤེས་བཞིན་དུ་ཁྲིམས་འགལ་འཛུགས་སྐྲུན་བྱེད་མཁན་གྱི་རྒྱབ་རྩ་བྱེད་པ་བཅས་ཀྱི་རིགས་ལ་རྩད་གཅོད་མཐའ་གཅིག་ཏུ་བྱེད་པ།  འགན་འཁྲི་བདའ་འདེད་ནན་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]