རྫམ་ཆུ་ཤུགས་གློག་ཁང་གིས་ཉིན་རེར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་ཁྲི༡༠༠༠ལས་བརྒལ།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྫམ་ཆུ་ཤུགས་གློག་ཁང་ནས་ཤེས་རྟོགས་བྱས་པར།  སྤྱི་ཟླ ༩ པའི་ཚེས ༡༩ ཉིན་ཧྭ་ནེང་རྫམ་ཆུ་ཤུགས་གློག་ཁང་གིས་ཉིན་རེར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་ཁྲི ༡༠༠༠ ལས་བརྒལ་བ་ནས་བོད་ཀྱི་གློག་ཤུགས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  འདི་ལོའི་ཆུ་རྒྱས་པའི་དུས་ནས་བཟུང་།  རྒྱལ་ཁབ་གློག་དྲ་ལྷོ་ནུབ་ཡན་ལག་པུའུ་དང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གོ་སྐབས་དམ་འཛིན་བྱས་ནས་བོད་ཀྱི་གློག་ཤུགས་འཁོར་རྒྱུག་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཐད་རྒྱུག་དང་སྤེལ་རྒྱུག་གི་ཞིང་ཆེན་ལས་བརྒལ་བའི་ཉོ་ཚོང་བགྲོད་ལམ་ནས་གློག་གཏོང་བའི་ནུས་པ་ཆེ་རུ་བཏང་ཡོད།  དེ་དང་ཆབས་ཅིག་བོད་གློག་ཕྱིར་གཏོང་གི་སྲིད་ཇུས་བརྩོན་ལེན་ཧུར་ཐག་བྱས་ནས།  གློག་ཤུགས་བོད་སྐྱོར་དང་ཁྲོམ་ར་ཟུང་འབྲེལ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་བྱས་པས།  ལྗོངས་ཡོངས་ཀྱི་ཆུ་ལྷག་དང་འོད་ལྷག་གི་གློག་ཚད་ནུས་ལྡན་ངང་ཉུང་དུ་ཕྱིན་ཡོད་ལ།  བོད་ཀྱི་ནུས་རྒྱུ་གཙང་མའི་ཟད་ཉར་གཙང་སེལ་གྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཡང་ཕྱིན་ཡོད།  བོད་ཀྱི་ཞིང་ཆེན་ལས་བརྒལ་བའི་ཉོ་ཚོང་གློག་ཁང་ཧྭ་ནེང་རྫམ་ཆུ་ཤུགས་གློག་ཁང་གིས་གློག་གཏོང་སྒྲིག་ཆས་ཀྱི་ཞིབ་བཤེར་བཟོ་བཅོས་དང་།  འཁོར་རྒྱུག  ཉམས་བཟོ་དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་ནས་གློག་ཁང་གི་སྒྲིག་ཆས་འཁོར་རྒྱུག་གི་རྣམ་པ་བཟང་པོ་འགན་ལེན་བྱས་པས་གློག་ཤུགས་གཙང་མ་བརྟན་པོའི་ངང་གཏོང་ཐུབ་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]