རང་ལྗོངས་ཀྱི་ཚན་པ་དང་མི་སྒེར་ཁག་ཅིག་ལ་རྟེན་འབྲེལ་ཆེ་མོའི་རིང་གི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་གཟེངས་བསྟོད་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད།

ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་མངགས་གཏོང་ཁང་བཅས་ལ་སྤྱི་བདེ་པུས་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོའི་མཚན་སྙན་སྤྲད་པ་དང་།  བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་མང་ཚོགས་ཁྲོམ་སྐོར་ཁྲོད་ཀྱི་གཟབ་ཏྲོའི་བདེ་སྲུང་ཚོགས་ཆུང་དང་།  གཞིས་རྩེ་གྲོང་ཁྱེར་དེང་རི་རྫོང་སྤྱི་བདེ་ཅུས་རྒྱལ་ནང་བདེ་འཇགས་སྲུང་སྐྱོབ་རུ་ཆེན།  ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་གྲོང་ལྷོའི་ཞིབ་བཤེར་ས་ཚིགས་བཅས་ལ་རྟེན་འབྲེལ་ཆེ་མོའི་རིང་གི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པའི་མཉམ་སྡེབ་ཀྱི་མཚན་སྙན་སྤྲད་པ།  ལྗང་སྤོ་དང་སྤེན་པ་སྒྲོལ་མ་སོགས་མི་དམངས་ཉེན་རྟོག་པ་བདུན་ལ་རྟེན་འབྲེལ་ཆེ་མོའི་རིང་གི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པའི་མཚན་སྙན་སྤྲད་པ་བཅས་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]