གཞིས་རྩེས་རྣམ་གསར་ཞིང་ལས་གཉེར་སྐྱོང་མ་ལག་ཅིག་གང་མགྱོགས་ཆགས་པ་བྱས་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་གཏིང་ཟབ་བྱས་ནས་རྣམ་གསར་ཞིང་ལས་གཉེར་སྐྱོང་མ་ལག་ཞིག་གང་མགྱོགས་ཆགས་པ་བྱས་ཡོད།  ད་བར་གྲོང་ཁྱེར་དེ་ཡོངས་སུ་ཞིང་པའི་མཉམ་ལས་ཁང་ ༥༦༨༡ བཙུགས་ཡོད་པའི་ནང་མང་ཚོགས་ཁྲི་ཚོ ༣༠ ལས་ཀར་ཞུགས་ཡོད་ཅིང་དབུལ་ཕོངས་དུད་ཚང་ཞུགས་ཚད་བརྒྱ་ཆ་བརྒྱ་དང་།  དམའ་མཐའི་འཚོ་སྐྱོང་དུད་ཚང་ཞུགས་ཚད་བརྒྱ་ཆ ༨༢ ཟིན་གྱི་ཡོད།  གྲོང་ཁྱེར་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་སྣེ་འདྲེན་ཁེ་ལས ༢༨ ཡོད་པ་དེ་དག་གི་སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར ༢༤.༡ ཟིན་པ་དང་།  ད་ལོའི་སྤྱི་ཟླ་དང་པོ་ནས་དགུ་པ་བར་གྱི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར ༣.༩ ཟིན་ནས་ཁེ་སྤོགས་སྒོར་ཁྲི་ཚོ ༤༦༡༨ ལྷག་ཙམ་ཟིན་པ་མ་ཟད་མི ༢༣༠༠ ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད།

གཞིས་རྩེའི་རིགས་ཁག་གི་རྣམ་གསར་ཞིང་ལས་གཉེར་སྐྱོང་ཁེ་ལས་ཀྱིས་ས་ཞིང་འཁོར་རྒྱུགས་སོགས་ཀྱི་རྣམ་པའི་ཐོག་ནས་ཞིང་ལས་ནང་ཞུགས་པར་ཞིང་པ་མི་ཉུང་བ་ཞིག་ལ་ས་ཆ་འཁོར་རྒྱུགས་ཀྱི་ཁེ་སྤོགས་རགས་པ་ཕུད།  ཞིང་ལས་གཉེར་སྐྱོང་ཁེ་ལས་ནང་ལས་ཀ་བྱས་པར་ངལ་ནུས་ཡོང་འབབ་བརྟན་པོ་ཡོང་གི་ཡོད་ལ་མཉམ་ལས་ཁང་ནས་ཀྱང་ལོ་མཇུག་ཏུ་ཁེ་སྤོགས་བགོ་འགྲེམས་སོགས་བྱེད་ཀྱི་ཡོད།  གཞན་ཡང་།  གྲོང་ཁྱེར་དེ་ཡོངས་ཀྱི་རྣམ་གསར་ཞིང་ལས་གཉེར་སྐྱོང་ཁེ་ལས་ནས་རང་ངོས་ཀྱི་མ་དངུལ་དང་ཆ་འཕྲིན།  ལག་རྩལ་སོགས་ཀྱི་ལེགས་ཆར་བརྟེན་ནས་སོན་བཟང་ནང་འདྲེན་དང་ལག་རྩལ་གསར་པ་ཁྱབ་གདལ།  ལམ་སྲོལ་གསར་པ་བཟུང་བ་སོགས་བརྒྱུད་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་སྐུལ་འདེད་ཐེབས་པ་དང་ཐོན་ལས་ཕྱོགས་འགྱུར་རིམ་སྤོར་བྱེད་མགྱོགས་སུ་ཕྱིན་པ་རེད།  ད་བར་གྲོང་ཁྱེར་དེ་ཡོངས་སུ་ཞིང་ལས་ཐོན་རྫས་ཀྱི་ཡུལ་ལུང་མཚོན་རྟགས་ཐོན་རྫས་བཞི་དང་ཡུལ་ལུང་མཚོན་རྟགས་ཐོན་རྫས་སྲུང་སྐྱོབ་རེ་ཞུ་ཐོབ་པ་བཞི།  གནོད་མེད་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་རགས་པ་སོ་གཉིས།  འབྱུང་འཕྲོད་བཟའ་བཅའ་རིགས་བཞི།  སྐྱེ་ལྡན་ཞིང་ལས་ཐོན་རྫས་རིགས་ཞེ་དྲུག་བཅས་ཡོད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]