སྤྱི་ཟླ་དང་པོ་ནས་བརྒྱད་པ་བར་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ཁྲོད་ལྷ་ས་ཨང་གཉིས་པར་སླེབས།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  གསར་འགོད་པར་ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  འདི་ལོའི་སྤྱི་ཟླ ༨ ཚེས ༣༡ ཉིན་བར་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་བརྒྱ་ཆ ༩༩.༦ ཟིན་ཞིང་།  ཁོར་ཡུག་སྲུང་སྐྱོང་པུས་ཡོངས་བསྒྲགས་བྱས་པའི་ཟླ་དང་པོ་ནས་བརྒྱད་པ་བར་གྱི་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར ༡༨༦ ཀྱི་མཁའ་རླུང་སྤུས་ཚད་ཀྱི་ཨང་རིམ་ཁྲོད་ལྷ་ས་གྲོང་ཁྱེར་ཨང་གཉིས་པར་སླེབས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  འདི་ལོའི་ཟླ ༨ ཚེས ༣༡ ཉིན་བར།  ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་རང་འགུལ་ས་ཚིགས ༦ གི་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་ལས་མངོན་པར། ནུས་ལྡན་གྱི་ལྟ་ཞིབ་ཚད་ལེན་གྱི་ཉིན་གྲངས ༡༥༡ དང་།  ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས ༡༠༧  འབྲིང་བའི་ཉིན་གྲངས ༡༣༥  ལེགས་ཚད་བརྒྱ་ཆ ༩༩.༦ %ཟིན་ཡོད།  མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་དེ་ན་ནིང་གི་དུས་མཚུངས་ལས་ཉིན ༥༤ མང་དུ་ཕྱིན་ཡོད།  ཁོར་ཡུག་སྲུང་སྐྱོང་པུས ༢༠༡༩ ལོའི་ཟླ་དང་པོ་ནས་བརྒྱད་པ་བར་གྱི་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར ༡༦༨ ཀྱི་མཁའ་རླུང་སྤུས་ཚད་ཨང་རིམ་ཁྲོད་ལྷ་ས་གྲོང་ཁྱེར་ཨང་གཉིས་པར་སླེབས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]