རང་ལྗོངས་སློབ་ཆེན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་པ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན།  རང་ལྗོངས་སློབ་ཆེན་ཁག་གིས་གནད་དོན་ལ་གདོང་བསུ་བྱེད་པ་དང་གྲི་ངོ་རང་གཏད་བྱེད་པ།  ལེགས་བཅོས་བྱེད་རྒྱུ་བཅས་བརྗོད་དོན་གཙོ་བོའི་བརྒྱུད་རིམ་ཡོངས་ཀྱི་ནང་ཁྱབ་པ་བྱས་པ་དང་།  ཕན་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཐུབ་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་པ་བྱས་ཡོད། 
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།  བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ཚན་སློབ་གྲྭས་སློབ་སྦྱོང་གི་ནང་དོན་དང་རྣམ་པ་རྒྱུན་མཐུད་ཕུན་སུམ་ཚོགས་སུ་གཏོང་བ་དང་།  སློབ་གྲྭ་དེ་ཡོངས་སུ་དགེ་སློབ་སྒྲིག་འཛུགས་བྱས་ནས་སྔོན་གཤེགས་དཔའ་བོའི་བང་སོར་དུར་ཕྱག་བྱེད་པ་དང་།  མེས་རྒྱལ་ངའི་སེམས་ནང་གནས་ཞེས་པའི་གཏམ་བཤད་འགྲན་བསྡུར་སྤེལ་བ་སོགས་བྱས་པ་མ་ཟད་རིགས་ཁག་གི་རིག་རྩལ་བྱེད་སྒོ་ཡང་སྤེལ་བ་རེད།  བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ཚན་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཐང་ཛེ་ཧུལ་གྱིས།  ང་ཚོའི་སློབ་གྲྭས་སློབ་གསོ་སློབ་ཁྲིད་དང་སློབ་གྲྭའི་གོང་འཕེལ་བསྒྱུར་བཅོས་སོགས་ཐད་གནས་པའི་གནད་དོན ༣༦ ཞིབ་རྟགས་བྱས་ནས་འཕྲལ་དུ་ལག་ལེན་དང་ལེགས་བཅོས་བྱེད་དགོས་རིགས་ལ་བཅོས་སྒྲིག་བྱས་ཟིན་པ་དང་།  དུས་ཡུན་རིང་པོའི་ནང་བཅོས་སྒྲིག་བྱེད་དགོས་རིགས་ལ་བཅོས་སྒྲིག་ཇུས་གཞི་ཡང་བཟོས་ཟིན་ཡོད།  ང་ཚོའི་སློབ་གྲྭས་སློབ་སྦྱོང་དང་ཞིབ་བསྡུར།  བརྟག་ཞིབ།  ཞིབ་རྟགས་བཅས་བྱེད་རྒྱུ་བརྗོད་དོན་གཙོ་བོའི་བརྒྱུད་རིམ་ཡོངས་ལ་ཁྱབ་པ་བྱས་ཏེ་བཅོས་སྒྲིག་ལས་ཀར་དམ་འཛིན་ཡག་པོ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། 
བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱར་གཞིགས་ཏེ་གནད་དོན་རྟོགས་མ་ཐག་བཅོས་སྒྲིག་བྱེད་པ་དང་བཅོས་སྒྲིག་བྱེད་དགོས་རིགས་བཅོས་སྒྲིག་གང་ཐུབ་བྱས་ཡོད།  
བོད་ལྗོངས་ཞིང་འབྲོག་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཏན་རྒྱ་མཚོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།  ང་ཚོའི་སློབ་གྲྭས་ཤེས་ལྡན་པ་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག  དངོས་གཞིའི་སློབ་གསོ་དར་གྲས་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་ཞིབ་བསྡུར་སྤེལ་རེས་དང་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ།  དགེ་རྒན་ལས་བཟོའི་ཏང་གཤིས་ལ་སྔར་བས་ཞུན་བརྡར་སྤྲད་ནས་རྒྱ་ཆེའི་དགེ་སློབ་ཚོའི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ཆབས་ཅིག  བསམ་འཆར་བསྡུ་ལེན་རེའུ་མིག་བཀྲམ་པ་དང་བསམ་འཆར་བསྡུ་ལེན་ཡིག་སྒམ་འཛུགས་པ།  འཚམ་འདྲི་རྟོག་ཞིབ་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་གྲྭའི་སྤུས་ལེགས་གོང་འཕེལ་ལ་ཚད་བཀག་བཟོ་བའི་བཅུར་བཀག་དང་ཆད་སྐྱོན་དུས་ཐོག་ཏུ་སེལ་ཏེ།  འགག་གནད་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་ཁ་གཏད་འཇོག་ཐབས་འདོན་པ།  བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ཤུགས་ཆེ་གཏོང་བ་བཅས་བྱས་ཡོད་ཅེས་གསུངས་པ་རེད། 
བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་རང་སློབ་གྲྭའི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱ་ཆེ་བའི་གྲོང་གསེབ་ཁུལ་ཏུ་ཁྱབ་པ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  སྔ་རྗེས་སུ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དང་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་།  གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སོགས་སུ་སྐྱོད་དེ་ཚན་རྩལ་དབུལ་སྐྱོར་བརྟག་ཞིབ་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་ལས་བློ་འདྲི།  ཆེད་ལས་ཞིང་པ་གསར་པའི་སྦྱོང་བརྡར་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་བ་དང་ས་གནས་ཀྱི་ཞིང་འབྲོག་ལས་ཕྱོགས་བསྡུས་གོང་འཕེལ་རྣམ་གྲངས་ནང་ཧུར་ཐག་ཞུགས་ཏེ།  ཁུལ་ཁོངས་དཔལ་འབྱོར་དང་ཐོན་ལས་གོང་འཕེལ་ཐད་རིག་ནུས་ཀྱི་རྒྱབ་སྐྱོར་དང་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]