བོད་དུ་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ༥༢༢བར་འཕེལ་རྒྱས་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་ཤུལ་བཞག་རིག་གནས་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་ཁག་བཞི་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོ་ཡོངས་བསྒྲགས་ཀྱི་བཀའ་མཆན་གཤམ་འགྲེམས་བྱས་པ་དང་།  རང་སྐྱོང་ལྗོངས་རིག་གནས་ཐིང་ནས་རེ་ཞུ་ཕུལ་བའི་རྒྱུན་འཛིན་པ ༡༧༢ དེ་དག་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཁག་བཞི་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པར་གཏན་འཁེལ་བྱེད་རྒྱུའི་མོས་མཐུན་བྱས་པས།  རང་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ ༥༢༢ བར་འཕེལ་རྒྱས་བྱུང་ཡོད།  གཞན་ཡང་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་ཤུལ་བཞག་རིག་གནས་ཁྲུས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རང་ལྗོངས་ཀྱི་ཚབ་མཚོན་རང་བཞིན་གྱི་འོས་སྦྱོར་རྣམ་གྲངས་ཁག་ལྔ་པའི་ངོས་ནས་རྣམ་གྲངས ༣༠ རེ་ཞུ་ཕུལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༨ ལོའི་ཟླ ༡༠ པ་ནས་སྤྱི་ལོ ༢༠༡༩ ལོའི་ཟླ ༩ པའི་བར།  རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཁག་བཞི་པའི་ཚབ་མཚོན་རང་བཞིན་རྣམ་གྲངས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་འོས་སྦྱོར་རེ་ཞུ་དང་ཞིབ་དཔྱད་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་།  གྲོང་ཁྱེར་༼ ས་ཁུལ ༽ཁག་དང་ལྗོངས་ཐད་གཏོགས་ཀྱི་འབྲེལ་ཡོད་རྣམ་གྲངས་སྲུང་སྐྱོབ་ཚན་པས་ཁྱོན་མི ༡༩༠ འོས་སྦྱོར་རེ་ཞུ་ཕུལ་བ་དང་།  ཁྲིམས་གཏན་འཁེལ་བའི་ཞིབ་དཔྱད་འགྲོ་ལུགས་གཞིར་བཟུང་།  རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རིགས་གཅིག་མཁས་ཅན ༤༥ སྒྲིག་འཛུགས་བྱས་ཏེ།  ཞིབ་དཔྱད་དང་གྲོས་ཞིབ་ནན་ཏན་བྱས་པ་བརྒྱུད་འོས་སྦྱོར་གྱི་མིང་ཐོ་གཏན་འཁེལ་བྱས་པ་མ་ཟད་དུས་ཡུན་ཉིན ༡༥ ཡི་རིང་སྨྱན་སྦྱོར་བརྒྱུད་ཡོངས་བསྒྲགས་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]