ད་ལོ་ལྗོངས་ཡོངས་སུ་ལས་ཞུཌ་ཐུབ་པའི་སྐབས་ཐོན་སློབ་ཆེན་སློབ་མ༢༠༣༨༡བྱུང་བ་དེས་སྤྱིའི་ལས་ཞུཌ་ཐུབ་ཚད་ཀྱི་བརྒྱ་ཆ༨༧ལྷག་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོ་རང་ལྗོངས་ཀྱིས་ལས་ཞུགས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ་ལས་ཞུགས་ཆེན་པོའི་རྣམ་པ་ཆགས་པ་བྱས་པས།  ད་བར་ལྗོངས་ཡོངས་སུ་ལས་ཞུགས་ཐུབ་པའི་སྐབས་ཐོན་སློབ་ཆེན་སློབ་མ ༢༠༣༨༡ བྱུང་བ་དེས་སྤྱིའི་ལས་ཞུགས་ཐུབ་ཚད་ཀྱི་བརྒྱ་ཆ ༨༧ ལྷག་ཙམ་ཟིན་པ་དང་།  ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཁྲི་ཚོ ༥༣ དང་མི་ཐེངས་ཁྲི་ཚོ ༩༠ སྤོ་འགྱུར་ལས་ཞུགས་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར ༣༠ ཟིན་པ་མ་ཟད།  དབུལ་ཕོངས་མི་འབོར ༡༦༠༠༠ ལ་སྦྱོང་བརྡར་སྤྲད་པ་དང་།  དབུལ་ཕོངས་མི་འབོར ༣༥༠༠༠ སྤོ་འགྱུར་ལས་ཞུགས་ཐུབ་པ་བྱས་པ།  གྲོང་ཁྱེར་དང་གྲོང་རྡལ་གྱི་མི ༤༧༠༠༠ ལས་ཞུགས་ཐུབ་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆ ༣ ནང་ཚུན་དུ་ཚོད་འཛིན་ཐུབ་པ་ཡང་བྱུང་ཡོད།  བརྟག་དཔྱད་བྱས་པ་བརྒྱུད་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀ་ཤོར་ཚད་བརྒྱ་ཆ ༥ ཡི་ནང་ཚུན་དུ་ཚོད་འཛིན་ཐུབ་ནས་ཁྱིམ་ཚང་ནང་ལས་ཞུགས་ཐུབ་པ་གཅིག་ཀྱང་མེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་དུད་མ་ཐོན་པ་བྱེད་རྒྱུ་རྒྱུན་མཐུད་མངོན་འགྱུར་ཐུབ་ཡོད།  གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་ལས་ཞུགས་ཐབས་ལམ་མུ་མཐུད་རྒྱ་སྐྱེད་གཏོང་བ་དང་སྤྱི་པའི་ལས་ཞུགས་ཞབས་ཞུ་སྤེལ་ཤུགས་ཆེ་རུ་བཏང་ནས།  གཙོ་གནད་ཐོག་སློབ་ཆེན་ཐོན་པའི་སློབ་མར་དམིགས་པའི་ལྗོངས་ཕྱི་ནང་དུ་གཞུང་གི་ལས་གནས་ཀྱི་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་དང་།  ལས་ཞུགས་བོད་སྐྱོར་གྱི་བསྡུ་སྤྱོད་མངག་གཏོང་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་།  ཁྲོམ་རའི་གདན་ཞུའི་བྱེད་སྒོ་མུ་མཐུད་སྒྲིག་འཛུགས་བྱས་ནས་སྐབས་ཐོན་སློབ་ཆེན་སློབ་མ་སྤྱི་ཡོངས་ནས་ལས་ཞུགས་ཐུབ་ཚད་བརྒྱ་ཆ ༩༠ ཡན་ཟིན་པ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]