སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཏན་ཏིག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཡིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
ཁྲེན་ཡུང་ཆི་ཡིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ནི།  མང་ཚོགས་བདེ་སྐྱིད་ལྡན་དུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་གྱི་དམངས་འཚོའི་ལས་གཞི་ཞིག་དང་།  མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ལས་གཞི་ཞིག་ཡིན་པས།  དམིགས་ཚད་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་ནུབ་རྒྱུད་ཞིང་ཆེན་ལྟེ་བའི་གྲོང་ཁྱེར་གྱི་རིམ་གསུམ་ཀ་པའི་སྨན་ཁང་གི་ཆུ་ཚད་དང་ཉེ་བ་དང་ཡང་ན་ཆུ་ཚད་དེར་གང་མགྱོགས་སླེབས་རྒྱུ་བརྩོན་ལེན་དང་།  དེ་མིན་གྲོང་ཁྱེར༼ ས་ཁུལ ༽དྲུག་གི་མི་དམངས་སྨན་ཁང་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས།  གྲོང་ཁྱེར་བཅས་ཀྱི་གྲོང་ཁྱེར༼ ས་ཁུལ ༽རིམ་གསུམ་ཀ་པའི་སྨན་ཁང་གི་ཆུད་ཚད་དང་ཉེ་བ་དང་ཡང་ན་ཆུ་ཚད་དེར་སླེབས་རྒྱུར་བརྩོན་ལེན་བྱེད་དགོས་པ་དང་།  མི་རིགས་ཁག་གི་མང་ཚོགས་ཚོར་ནད་གཞི་སྨན་བཅོས་ཀྱི་དགོས་མཁོ་སྐོང་དགོས་པ་དང་།  ལྷག་པར་དུ་ས་མཐོའི་ནད་ལ་དམིགས་ཏེ་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ་དང་སྨན་ཁང་གིས་ཚན་ཁག་འགན་ལེན་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས།  ལྗོངས་ཡོངས་ཀྱི་སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་དགོས་པ།  རོགས་སྐྱོར་བྱེད་མཁན་སྨན་ཁང་གིས་བསྡུར་གཞི་ལྡན་པའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་རོགས་སྐྱོར་བྱ་ཡུལ་སྨན་ཁང་གིས་ས་ཆ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྨན་ཁང་ནང་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་བྱེད་པ།  འབྲེལ་ཡོད་ཚན་པ་ཁག་གིས་ཐོབ་ཐང་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ཐོག  ཆུ་ཚད་དེ་བས་མཐོ་བའི་ཐོག་ལེགས་ཆ་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]