རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པ་ཟན་ཞིའི་ལ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས་གཅིག་ནས་གསུམ་ཉིན་བར།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་པའི་སྣེ་ཁྲིད་དེ་ཟན་ཞིའི་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་པ་མ་ཟད།  ཟན་ཞིའི་ཞིང་ཨུད་ཀྱི་ཧྲུའུ་ཅི། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧུའུ་ཧོ་ཕིང་དང་།  ཟན་ཞིའི་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཞིང་སྤྱི་ལིའུ་གོ་ཀྲུང་རྣམ་གཉིས་དང་བཞུགས་མོལ་གནང་ནས་ཁ་གཏད་རོགས་སྐྱོར་ལས་ཀའི་ཇུས་ཆེན་དང་སྤུས་ལེགས་གོང་འཕེལ་ཐད་གྲོས་བསྡུར་གནང་བ་རེད།
ཧུའུ་ཧོ་ཕིང་དང་ལིའུ་གོ་ཀྲུང་རྣམ་གཉིས་ནས་ཆེ་དགྲ་ལྷ་དང་བཅས་པ་ཟན་ཞིའི་ལ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་བ་དང་།  ཧུའུ་ཧོ་ཕིང་གིས་ཉེ་བའི་ལོའི་ནང་ཟན་ཞིའི་ཡིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་སྐྱོར་ལས་དོན་དེ་གལ་ཆེའི་གནས་བབ་ཐོག་བཞག་པ་དང་།  དཔལ་འབྱོར་གྱི་བོད་སྐྱོར་དང་ལས་བྱེད་པའི་བོད་སྐྱོར།  སློབ་གསོའི་བོད་སྐྱོར།  ལག་རྩལ་གྱི་བོད་སྐྱོར་སོགས་ཀྱི་བྱ་ཐབས་གཅིག་གྱུར་བཀོད་སྒྲིག་བྱས་ནས།  མངའ་རིས་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཏན་ཏིག་སྤེལ་བ་དང་ལས་བྱེད་དཔུང་ཁག་ལ་ཞུན་བརྡར་སྤྲད་དེ།  ཟན་ཞིའི་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་དབར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་བཏང་ཡོད།  ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  ཁ་གཏད་རོགས་སྐྱོར་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་རྩིས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རམ་འདེགས་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། 
ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་།  ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་མི་དམངས་ཚོའི་ཚབ་ཞུས་ཏེ།  ཟན་ཞིའི་ཡིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་ཆེན་པོ་དང་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས།  བོད་ལྗོངས་ལ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་གནང་གི་ཡོད།  ཟན་ཞིའི་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་སྐྱོར་ལས་ཀར་རྒྱབ་སྐྱོར་བྱས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་ཐོན་ལས་གོང་འཕེལ།  སློབ་གསོ་འཕྲོད་བསྟེན་སོགས་ཐད་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ལ།  བོད་ཀྱིས་ཟན་ཞིའི་ཡི་བསམ་ཕྱོགས་བཟང་པོ་དང་ཉམས་མྱོང་བཟང་པོ།  བྱེད་ལུགས་བྱེད་སྟངས་བཟང་པོ་བཅས་ལ་མིག་དཔེ་བལྟས་ནས་བོད་ལྗོངས་སྤུས་ལེགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ།  ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་གཅེས་སྐྱོང་ཆུད་ཟོས་སུ་མི་འགྲོ་བ་བྱེད་རྒྱུ་ཡིན་ཞེས་གསུངས། 
ཆེ་དགྲ་ལྷ་དང་བཅས་པ་ཟན་ཞིའི་དུ་བཞུགས་རིང་ད་དུང་ཧྥུ་ཕིང་རྫོང་དུ་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞི་དང་ཡན་ཨན་གྲོང་ཁྱེར་གྱི་པོའོ་ཐ་རི་བོ།  སློབ་སྦྱོང་དཔེ་གླིང་།  ཝུན་ཨན་ཙེ་གྲོང་རྡལ་གྱི་ལེང་ཅ་ཧོ་གྲོང་ཚོ་བཅས་སུ་སློབ་སྦྱོང་གནང་བར་ཕེབས་པ་དང་།  ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་བོད་ལྗོངས་ལེའུ་ཧུར་ཐག་བརྩོམ་རྒྱུ་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]