ཆབ་མདོས་ཁྱད་ཆོས་ལྡན་པ་དང་ཕན་འབྲས་ཐོན་པའི་ངང་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཆབ་མདོ་གྲོང་ཁྱེར་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན།  བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་བཀའ་སློབ་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་།  སློབ་སྦྱོང་བྱེད་ཞོར་དུ་ཞིབ་བཤེར་བྱེད་པ་དང་ཞིབ་བཤེར་བྱེད་བཞིན་ལེགས་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  བརྗོད་དོན་གཙོ་བོའི་སློབ་གསོར་ཁྱད་ཆོས་ལྡན་པ་དང་ཕན་འབྲས་ཐོན་པ་བྱས་པ་རེད། 
ཆབ་མདོ་གྲོང་ཁྱེར་གྱིས་ཆེད་དོན་གཅིག་བསྡུས་ཞིབ་བསྡུར་ཞིབ་ཚགས་སུ་བཏང་བ་དང་།  རྫོང་༼ ཆུས ༽ཁག་དང་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་ནས་རིགས་ཁག་གི་ཆེད་དོན་ཞིབ་བསྡུར་ཚོགས་འདུ་ཐེངས ༡༥༠ འཚོགས་ཤིང་གཅིག་བསྡུས་སློབ་སྦྱོང་ཐེངས ༢༠༠ ལྷག་ཙམ་བྱས་པ།  རིམ་ཁག་ཏང་རྩ་འཛུགས་ནས་རིགས་ཁག་གི་གསར་བརྗེའི་སློབ་གསོ་དང་།  དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་སློབ་གསོ།  བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་བཅས་ཐེངས ༦༧༠ ལྷག་ཙམ་སྤེལ་བ།  ལས་ཁུངས་དང་བྱ་གཞག་ཚན་པའི་ཏང་ཡོན་ཚོས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས ༡༡༠ ལྷག་ཙམ་སྤེལ་ནས་མང་ཚོགས་ཀྱི་དཀའ་གནད ༨༥༠ ལྷག་ཙམ་སེལ་བ།  གཞི་རིམ་ཏང་རྩ་འཛུགས་ཁག་གིས་གཅིག་བྱས་པ་དྲུག་གི་བྱེད་སྒོ་ཚད་ལྡན་བཟོས་ཏེ་དང་བླངས་པའི་ལག་ལེན་བྱེད་སྒོ་ཐེངས ༥༧༠༠ ལྷག་ཙམ་སྤེལ་བར་མང་ཚོགས་མི་ཐེངས་ཁྲི་ཚོ ༡༣.༧ ལ་ཕན་པ་ཐོབ་པ་བཅས་བྱུང་ཡོད།

གཞན་ཡང་།  ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དེ་ནག་སེལ་གཤེད་བཅོམ་དང་གྲོང་གསེབ་དར་རྒྱས།  བརྟན་ལྷིང་སྲུང་སྐྱོང་།  དཔལ་འབྱོར་གོང་འཕེལ།  སྐྱེ་ཁམས་འཛུགས་སྐྱོང་།  གཞི་རིམ་རྨང་གཞི་འཛུགས་སྐྲུན་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།  བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གཉིས་ཀར་འཐུས་ཤོར་མེད་པར་སྐུལ་འདེད་ཐུབ་པ་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]