རང་ལྗོངས་ཀྱིས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་ཏན་ཏིག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཏང་ཨུད་ཤེས་ལྡན་མི་སྣའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཤེས་ལྡན་མི་སྣའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ་དང་ལྗོངས་ཏང་ཨུད་ཤེས་ལྡན་མི་སྣའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ལས་ཀའི་ཞིབ་སྲོལ།  ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་གྱི་སྤྱི་ལོ ༢༠༡༩ ལོའི་ཆེད་དོན་མ་དངུལ་རྣམ་གྲངས་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་ཏང་ཨུད་ཤེས་ལྡན་མི་སྣའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཁྲེན་ཡུང་ཆི་ནས་ཤེས་ལྡན་མི་སྣའི་ཐོན་ཁུངས་ནི་ཐོན་ཁུངས་དང་པོ་ཡིན་པའི་འདུ་ཤེས་བཙུགས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ།  ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ།  ཤེས་ལྡན་མི་སྣར་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་བའི་ཐབས་ཇུས་ལག་བསྟར་ཤུགས་ཆེ་བྱས་ནས།  གྲངས་འབོར་འདེང་ངེས་དང་གྲུབ་ཆ་ལུགས་མཐུན་གྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ནུས་ལྡན་བྱེད་པ་དང་།  མཐུན་སྦྱོར་ཚོགས་ཆུང་གིས་ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་ཀར་སྤྱི་ཁོག་མཛུབ་ཁྲིད་བྱེད་པ་དང་གཅིག་གྱུར་འཆར་འགོད་ངང་མཐུན་སྦྱོར་བྱེད་པ།  དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་པ།  ཁོངས་གཏོགས་ཚན་པ་ཁག་གིས་ལས་དོན་སྦྲེལ་མཐུད་དང་མཐུན་སྦྱོར་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པ་བྱས་ཏེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་པ་བཅས་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]