རང་ལྗོངས་སུ་གྲོང་གསེབ་ཀྱི་འཐུང་ཆུའི་ལས་གཞི་བརྒྱུད་གཅིག་བསྡུས་ཐོག་ཆུ་མཁོ་འདོན་བྱེད་ཚད་བརྒྱ་ཆ༩༡ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༦ ཉིན།  རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་བར་རང་ལྗོངས་སུ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གཞི ༢༤༠༠༠ ལྷག་ཙམ་ལེགས་གྲུབ་ཟིན་ནས་མི་འབོར་ཁྲི་ཚོ ༢༤༧ ལྷག་ཙམ་ལ་ཕན་པ་ཐོབ་ཡོད།  དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ཁྲི་ཚོ ༥༨ ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་གཞི་རྩའི་ཐོག་ཐག་གཅོད་ཟིན་ནས།  གྲོང་གསེབ་ཀྱི་འཐུང་ཆུའི་ལས་གཞི་བརྒྱུད་གཅིག་བསྡུས་ཐོག་ཆུ་མཁོ་འདོན་བྱེད་ཚད་བརྒྱ་ཆ ༩༡ ཟིན་པ་རེད། 
རང་བྱུང་གནམ་གཤིས་ཀྱི་ཤུགས་རྐྱེན་འོག་རང་ལྗོངས་གྲོང་གསེབ་ཁག་ཅིག་ཏུ་ཆུ་འགོར་འགྱུར་ལྡོག་ཅུང་ཆེན་པོ་ཡོད་པ་དང་།  ལྷག་པར་དུ་ས་བབ་མཐོ་ལ་གྲང་ངར་ཆེ་བའི་རྫོང་ཁག་ཅིག་ལ་དགུན་དུས་དྲོད་ཚད་དམའ་བ་དང་ས་འཁྱགས་ཐེབས་པ།  འཁྱགས་པ་རྒྱག་ཡུན་རིང་བ་བཅས་ཡོད་པས་ལོ་ལྟར་དགུན་དུས་ཆུ་མཁོ་འདོན་བྱེད་པའི་སྒྲིག་བཀོད་ལ་འཁྱགས་པ་ཚབས་ཆེན་བརྒྱབ་སྟེ།  ཆུ་མཁོ་འདོན་འགན་སྲུང་ཐུབ་ཚད་དམའ་བས་ཐད་ཀར་ཞིང་འབྲོག་པའི་ཆུ་བེད་སྤྱོད་བྱེད་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།  དོན་དེར་རང་ལྗོངས་ཀྱི་ཆུ་བེད་ཚན་པས་བོད་ནུབ་བྱང་ཁུལ་གྱི་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་དང་ཤར་རྒྱུད་ཀྱི་རི་མཐོ་རོང་སའི་ས་ཁུལ།  ལྷོ་རྒྱུད་ཀྱི་མཐའ་མཚམས་ས་ཁུལ།  དབུས་རྒྱུད་ཀྱི་ལུང་ཤུར་ས་ཁུལ་བཅས་ཁུལ་བཞི་ལ་དབྱེ་ནས་ཡུལ་བབ་དང་བསྟུན་ཏེ་ལས་གཞིའི་ཇུས་འགོད་དང་ཨར་ལས།  རྒྱུ་ཆ་སོགས་ལྷུ་ཚིགས་ཁག་ལ་བླང་བྱ་ནན་པོ་བཏོན་ནས་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་ལ་ཆུ་མཁོ་འདོན་བྱེད་པའི་ཆུ་རྒྱུན་དང་ཆུའི་སྤུས་ཚད་འགན་སྲུང་གང་ཐུབ་བྱས་པ་རེད།  ལྗོངས་ཡོངས་སུ་ད་བར་གྲོང་གསེབ་ཀྱི་འཐུང་ཆུའི་སྤུས་ཚད་ཞིབ་བཤེར་ལྟེ་གནས ༡༥ བཙུགས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༢༠ ལོའི་ལོ་མཇུག་ལ་སླེབས་དུས་རང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་རྒྱུ་ཡིན་ཞིང་།  དབུལ་སྒྲོལ་གནད་འཕིགས་དང་གྲོང་གསེབ་དར་རྒྱས་ཡོང་རྒྱུར་འཐུང་ཆུའི་བདེ་འཇགས་ཀྱི་འདེགས་སྐྱོར་ཐུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]