དུས་ཚིགས་དང་པོ་ནས་གསུམ་པ་བར་རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆར་བརྟན་པོ་བྱུང་ཡོད།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས།  སྤྱི་ལོ ༢༠༡༩ ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལཡོངས་བསྒྲགས་བྱས་ཡོད།  གྲངས་གཞི་ལས་མངོན་པ་ལྟར་ན།  འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆར་བརྟན་པ་དང་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།  ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར ༡༡༥༦.༢༩ ཟིན་ནས་བརྒྱ་ཆ ༨.༧ འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།  ཐོན་ལས་དང་པོར་རིན་ཐང་འཕར་མ་སྒོར་དུང་ཕྱུར ༨༨.༩ ཟིན་ནས་བརྒྱ་ཆ ༣.༣ འཕར་བ།  ཐོན་ལས་གཉིས་པར་རིན་ཐང་འཕར་མ་སྒོར་དུང་ཕྱུར ༤༦༢.༩༦ ཟིན་ནས་བརྒྱ་ཆ ༡༡.༡ འཕར་བ།  ཐོན་ལས་གསུམ་པར་རིན་ཐང་འཕར་མ་སྒོར་དུང་ཕྱུར ༦༠༤.༨༤ ཟིན་ནས་བརྒྱ་ཆ ༧.༧ འཕར་ཡོད་པ་རེད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]