གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གནས་སྐབས་རིང་ཕྱོགས་ཡོངས་ནས་བཀག་སྡོམ་བྱས།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ པའི་ཚེས ༣༡ ཉིན་ནས་བཟུང་།  གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གངས་བསྟུད་མར་བབས་ནས་གངས་གསོག་ལི་སྨི ༡༨ ཙམ་ཐེབས་ཡོད་པ་རེད།  སྤྱི་ཟླ ༡༡ པའི་ཚེས ༥ ཉིན་གསར་འགོད་པར་གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དོ་དམ་ཁུལ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཆ་གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གནས་སྐབས་རིང་ཕྱོགས་ཡོངས་ནས་བཀག་སྡོམ་བྱ་རྒྱུ་རེད།

ཡུལ་སྐོར་བ་མང་པོ་ཞིག་སྒེར་འཁོར་བཏང་སྟེ་བྱང་ལམ་ཆེ་མོ་བརྒྱུད་ནས་སྐྱོད་སྐབས་གངས་ཆེན་བབས་པས་གནམ་མཚོའི་ཉེ་འཁོར་དུ་ལུས་ཡོད་པ་རེད།  སྟབས་ལེགས་པར་ད་བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་གཅིག་ཀྱང་ཐོན་མེད།  གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་སྟབས་བསྟུན་འཕྲལ་སྡོམ་གྱི་བྱ་ཐབས་སྤྱད་པ་དང་། འ དམ་གཞུང་དང་གནམ་མཚོའི་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་གི་རུ་མིས་སྣེ་ཁྲིད་དེ་ལམ་གཤོང་བ་དང་ལམ་ངོས་སུ་ཚྭ་གཏོར་བ་སོགས་བྱས་ནས་ཉེན་ཁ་ཆུང་དུ་བཏང་ཡོད།

གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  དེང་སྐབས་གངས་ཆེན་པོ་བབས་པའི་རྐྱེན་གྱིས་ཡུལ་སྐོར་བ་ཆིག་སྟོང་ཙམ་ལུས་ཡོད།  གནམ་ཚོར་སྐྱོད་ཆོག་པའི་དུས་ཚོད་ད་དུང་གཏན་འཁེལ་བྱས་མེད་པས་ཡུལ་སྐོར་བ་ཚོས་གཞུང་ཕྱོགས་ཀྱི་ཆ་འཕྲིན་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]