ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་།  ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡི་བཀའ་སློབ་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ།  ས་གནས་ཁག་གི་སྙན་ཞུ་ཉན་པ།  ལས་དོན་བཀོད་སྒྲིག་བཅས་བྱས་ཡོད་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་གཡས་ཤན་གྱིས་གསུང་བཤད་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་།  བོད་དམག་ཁུལ་ཁང་གི་ཇུས་དཔོན་གཞོན་པ་ངག་དབང་རྡོ་རྗེ་ཚོགས་འདུར་ཕེབས་ཡོད་པ་རེད།
ཏིང་གཡས་ཤན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་།  རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཏང་གིས་འགོ་ཁྲིད་རྒྱུའི་རྩ་བའི་བླང་བྱར་ངོས་འཛིན་གཏིང་ཟབ་བྱས་ཏེ་སློབ་སྦྱོང་བྱེད་པ་དང་གོ་བ་ལོན་པ། དངོས་སུ་སྒྲུབ་པ་བཅས་བྱེད་དགོས་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ།  ཏང་གི་བོད་སྐྱོང་འཐབ་ཇུས་དང་བོད་ཀྱི་ལས་ཀའི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་།  མཉམ་སྐྲུན་མཉམ་བཅོས་མཉམ་རོལ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་འབྱུང་རྩ་དང་རང་འགུལ།  ཕྱོགས་ཡོངས།  ཕྱོགས་བསྡུས་བཅས་ཀྱི་སྒོ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་དགོས་པ།  ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་རྩིས་ཏེ།  ཆེད་དོན་འཐབ་རྩོད་གསུམ་དང་ཆེད་དོན་བྱ་སྤྱོད་ཆེ་གྲས་ལྔར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།  ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱར་ཚད་འཛིན་ཏེ་གཞི་རིམ་གྱི་ཏང་རྩ་འཛུགས་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ།  མཐུན་སྒྲིལ་བྱེད་མཁས་པ།  འཕེལ་རྒྱས་གཏོང་ཤེས་པ།  ཕྱུག་པོ་ཆགས་ཐུབ་པ།  བརྟན་ལྷིང་འགན་སྲུང་ཐུབ་པ།  གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ།  འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་དམག་འཐབ་མཁར་རྫོང་ལྟ་བུར་སྐྲུན་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]