འགན་སེམས་ཆེན་པོས་དོན་འཁྱོལ་དམ་འཛིན་བྱེད་པ་དང་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེས་དུས་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག  ཚད་འཛིན་ངང་སྐུལ་འདེད་ཏན་ཏིག་བཏང་སྟེ་ལོ་འཁོར་མོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་རྒྱུ་གླེང་བའི།  འགན་སེམས་ཆེན་པོས་དོན་འཁྱོལ་དམ་འཛིན་བྱེད་པ་དང་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་དགོས་ཞེས་པའི་རིག་གཞུང་རྩོམ་ཡིག་ཞིག་སྤེལ་ཡོད།

རྩོམ་ཡིག་ནང་།  ལྗོངས་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་།  སེམས་ཤུགས་གཅིག་སྒྲིལ་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་འབད་འཐབ་ལྷོད་མེད་བྱེད་བཞིན་པའི་མཚམས་འདིར་འཚོགས་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་།  རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གནད་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ་མ་ཟད་གཏན་འབེབས་ཀྱང་བཟོས་པ་དེས།  དུས་བསྟུན་ཡར་རྒྱས་དང་ཡང་འབད་བསྐྱར་འབད་ཐོག་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་སྒྲུབ་རྒྱུའི་ཐད་ང་ཚོར་སེམས་ཤུགས་དང་སྒུལ་ཤུགས་སྦྱིན་ཡོད།  གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ད་ལོའི་གོང་གི་དུས་ཚིགས་གསུམ་ནང་ལྗོངས་ཡོངས་སུ་ཐོན་སྐྱེད་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར ༡༡༥༦.༢༩ ཟིན་པ་དང་འཕར་ཚད་བརྒྱ་ཆ ༨.༧ གྱི་ཐོག་ནས་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་ཆབས་ཅིག  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།  ལས་ཞུགས་དུས་བབ་ལེགས་པ།  དམངས་འཚོའི་ཕན་བདེ་རྒྱུན་མཐུད་ལེགས་བཅོས་ཐུབ་པ་བཅས་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད།  ལོ་འཁོར་མོའི་དམིགས་ཚད་ལས་འགན་ལེགས་གྲུབ་ཐུབ་པར་ད་དུང་ཟླ་བ་གཉིས་ལས་ལྷག་མེད་ཅིང་།  ལོ་མཇུག་གོང་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོ་བའི་དམིགས་ཚད་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ།  ལས་ཞུགས་དང་སྐྱེ་ཁམས།  སློབ་གསོ།  བདེ་ཐང་སོགས་ཁྱབ་ཁོངས་ཀྱི་དམངས་འཚོའི་རྣམ་གྲངས་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱེད་རྒྱུ།  མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ་སོགས་ཀྱི་ལས་འགན་ལྕི་པོ་ཡོད་པས།  ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་བ་དང་བདེན་འཚོལ་གྱི་སྤྱོད་ཚུལ་སྔར་བས་ཏན་ཏིག  འགན་སེམས་སྔར་བས་ཆེ་བ་བཅས་ཀྱི་ཐོག་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་འགན་འཁུར་ཕོད་པའི་སྒོ་ནས་ལས་དོན་ཁག་ལ་དམ་འཛིན་བྱས་ཏེ།  ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁག་བོད་དུ་གནད་སྨིན་དོན་འཁྱོལ་ཐུབ་པ་དང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་ཟིན་པའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཐུབ་པ་བྱེད་དགོས་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  ང་ཚོས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་སྙིང་སྟོབས་ཐོག་ནས་འདིང་ཚོད་དང་སེམས་ཤུགས་ཆེར་སྐྱེད་ངང་།  དོན་འཁྱོལ་དམ་འཛིན་ལ་འབད་འཐབ་བྱེད་པ་དང་བྱ་བཟང་སྒྲུབ་རྒྱུར་བརྩོན་ལེན་བྱེད་པ།  ཕན་ནུས་ཐོན་པ་བྱེད་རྒྱུར་ནུས་པ་ཐོན་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་བློ་ཡིད་འཚིམ་པའི་དམངས་འཚོའི་བྱ་བཟང་སྒྲུབ་དགོས་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]