བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཏིང་གཡས་ཤན་གྱི་རིག་གཞུང་རྩོམ་ཡིག་ཞིག་སྤེལ་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༡ པའི་ཚེས ༡༠ ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག  བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བར་དྲན་གསོ་ཞུ། ཏང་གི་དབུ་ཁྲིད་ནི་བོད་ལྗོངས་སྲིད་གྲོས་བྱ་གཞག་གོང་འཕེལ་ཡར་ཐོན་གྱི་རྩ་བའི་འགན་སྲུང་ཡིན་ཞེས་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱི་རིག་གཞུང་རྩོམ་ཡིག་ཞིག་སྤེལ་ཡོད།

རྩོམ་ཡིག་དེ་སློབ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་པའི་ཁྲོད་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་དགོས་པ་དང་།  ཏང་འཛུགས་ལས་དོན་གཏིང་ཟབ་སྤེལ་བའི་ཁྲོད་སྲིད་གྲོས་གྲོས་མོལ་གྱི་དམངས་གཙོའི་ལག་ལེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ།  འཇོན་ནུས་བྱང་ཚད་མཐོ་རུ་གཏོང་བའི་ཁྲོད་སྲིད་གྲོས་ལས་དོན་ཁག་གི་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་གཏོང་དགོས་པ།  ཏང་གི་གསར་གཏོད་རིག་གཞུང་གི་མཛུབ་ཁྲིད་འོག་བོད་ལྗོངས་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ་བཅས་ཁག་བཞི་ལས་གྲུབ་ཡོད།

རྩོམ་ཡིག་ནང་།  ལོ་ངོ་དྲུག་ཅུའི་ཚུན་དུ་ཏང་ཀྲུང་དབྱང་གི་ཞུམ་མེད་དབུ་ཁྲིད་འོག་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་ཁག་བོད་ཀྱི་སྤྱི་ཚོགས་གོང་འཕེལ་ཡར་ཐོན་དང་འགྲོགས་ནས་དུས་རབས་གསར་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པས།  ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱེད་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩི་དགོས་པ་མ་ཟད།  ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས་མི་དམངས་སྲིད་གྲོས་འདི་ཉིད་དམིགས་བཙུགས་གྲོས་མོལ་ཚན་པའི་འགན་འཁྲི་སྔར་བས་ཁ་གསལ་བའི་ཐོག་ནས་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་གཏོང་།  ཕན་ཚུན་མཐུན་སྦྱོར།  ཐབས་འདོན་ཇུས་འདོན་དང་ངོས་འཛིན་གཅིག་མཐུན་གཉིས་ཀར་འབད་བརྩོན་བྱེད་པ་བཅས་ཀྱི་འགྲོ་ལུགས་དང་ལམ་སྲོལ་འཐུས་ཚང་བཟོས་ཏེ།  ཏང་གི་བོད་སྐྱོང་འཐབ་ཇུས་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་ཁྲོད་ཀྱི་བོད་ལྗོངས་སྲིད་གྲོས་ཀྱི་གལ་ཆེའི་ནུས་པ་སྔར་བས་ལེགས་པ་འདོན་དགོས་པའི་མཛུབ་སྟོན་བྱས་ཡོད།

རྩོམ་ཡིག་ནང་།  བོད་ལྗོངས་སྲིད་གྲོས་ཀྱིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་ཀའི་ཆབ་སྲིད་ཀྱི་འགན་འཁྲིར་དམིགས་ཏེ་གཙོ་བོའི་རྩ་དོན་བཟུང་བ་དང་།  རང་འགུལ་ནུས་པ་འདོན་པ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས།  དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ལས་དོན་དེ་ཉིད་ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི་འགྲོ་ལམ་ཐོག་མདུན་སྐྱོད་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]